ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་བཀོད། 
2020.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་བཀོད་ནས། དབྱིན་ཇི་ཁེར་ཁྱིམ་དུ་འབུད་པའི་འཕེལ་རིམ་ལ་སྔར་ལས་སྐུལ་འདེད་བཏང་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། མུས་ཞེ་ཨར་དང་མཱ་ཧྥུན་ལའེ་ཨིན་གྱིས་གྲོས་མཐུན་བཀོད་རྗེས། གྲོས་མཐུན་གྱི་མ་ཡིག་དེ་ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་དེ་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་དུ་འཇུག་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཡོ་རོབ་གླིང་གྲོས་ཁང་གིས་ཟླ་འདིའི་ཚེས་ཉེར་དགུའི་ཉིན་ཚང་འཛོམས་གྲོས་ཚོགས་བསྡུ་རྒྱུ་རེད། 

གལ་ཏེ་ཡོ་རོབ་གླིང་གྲོས་ཁང་གིས་བརྡས་ཐག་བཅད་དེ་གྲོས་མཐུན་ལ་གྲོས་འཆམ་བྱུང་ན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་ལ་ཆོག་མཆན་འགོད་རྒྱུ་ཡིན་པ་དང་། དེ་ལྟར་བྱས་ན་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱི་ལས་རིམ་ཚང་མ་ཡོངས་འགྲུབ་བྱས་པ་རེད། དེའི་སྔོན་གྲོས་མཐུན་དེར་དབྱིན་ཇིའི་གྲོས་ཁང་གོང་ཞོལ་གཉིས་ཀྱི་ཁས་ལེན་ཐོབ་ཡོད་པར་མ་ཟད། རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པས་མིང་བཀོད་དེ་དབྱིན་ཇིའི་བཅའ་ཁྲིམས་སུ་གྱུར་ཡོད། 

གྲོས་མཐུན་ལྟར་ན། དབྱིན་ཇི་ཟླ་འདིའི་ཚེས་སོ་གཅིག་ཉིན་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་རྒྱུ་ཡིན་ལ། དེའི་རྗེས་སུ་ཡོ་རོབ་གླིང་དང་དབྱིན་ཇི་ཕྱོགས་གཉིས་ཀྱིས་མ་འོངས་པའི་འབྲེལ་བའི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།