​དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་བར་གྱི་འབྲེལ་བ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།
2020.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

དབྱི་སི་རལ་གྱིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གིས་ཀུང་ཟིའི་ངན་འཚང་བརྟོལ་བའི་བྱེད་ཐབས་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་བར་གྱི་འབྲེལ་བ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནི་ཤུགས་རྐྱེན་ཆེར་མེད་ཅིང་ཕྱོགས་རིས་ཆེ་བའི་ལས་ཁུངས་ཤིག་ཡིན་པ་དང་། ང་ཚོས་ཐ་ཤལ་གྱི་བྱ་སྤྱོད་དེ་རིགས་ལ་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ལ། ཁོས་བཀའ་རྒྱ་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་བར་གྱི་འབྲེལ་བ་མཚམས་འཇོག་རྒྱུའི་རེ་བ་བཏོན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་པཱ་ཆེ་ལའེ་ཐི་ཡིས་ཚེས་བཅུ་གཉིས་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་ཚོང་ལས་བྱ་འགུལ་གཉེར་བའི་ཀུང་ཟི་བརྒྱ་དང་བཅུ་གཉིས་ཀྱི་ངན་འཚང་བརྟོལ་ནས་ཁྱབ་སྒྲོག་བྱས། དེའི་ནང་ཀུང་ཟི་གོ་བཞི་དབྱི་སི་རལ་དུ་ཡོད་པ་རེད། ངན་འཚང་བརྟོལ་ཡོད་ཀྱང་བཅའ་ཁྲིམས་ཀྱི་མཇུག་འབྲས་མྱུར་དུ་འབྱུང་མི་སྲིད། ཡིན་ཡང་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་གནད་དོན་ཧ་ཅང་ཚབས་ཆེན་ཡིན་པས་ཀུང་ཟི་དེ་དག་ལ་བཀག་སྡོམ་ཐེབས་པའམ་མ་དངུལ་ཕྱིར་འཐེན་པའི་གནས་ཚུལ་འབྱུང་སྲིད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།