ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་བཙོན་མ་ཕྱིར་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་། 
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཉིན་དེར་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་བཀག་འཇུག་མི་སྣ་ཕྱིར་གཏོང་བར་གྲོས་མཐུན་བཀོད་ཡོད་ཟེར། 

ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་ཚེས་ཉེར་ལྔ་ཉིན་སྐོར་ཐེངས་གཉིས་པའི་བརྙན་རིས་གྲོས་མོལ་སྤེལ་བ་དང་། ཁཱ་ཐར་དང་ཨ་མེ་རི་ཁ། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་བཅས་ཀྱང་གྲོས་མོལ་ལ་ཞུགས་ཡོད་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཨ་ཧྥུའུ་ཧན་འདུམ་འགྲིག་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་ཡིས་ཉིན་དེར་སྨྱན་བྱད་བརྒྱུད་དེ་བསྟན་དོན། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་ཟླ་གསུམ་པའི་ཚེས་སོ་གཅིག་ནས་བཟུང་བཀག་འཇུག་མི་སྣ་ཕྱིར་གཏོང་བར་གྲོས་འཆམ་བྱུང་ཡོད། ཕྱོགས་གཉིས་ཀྱི་གྲོས་མོལ་མུ་མཐུད་དུ་སྤེལ་ཏེ་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་ལས་རིམ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་རྒྱུ་རེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།