ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་སྟོང་ལྔ་ཉིས་བརྒྱ་སོ་གསུམ་ལ་འཕར། 
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་སྟོང་ལྔ་ཉིས་བརྒྱ་སོ་གསུམ་ལ་འཕར་ཡོད་པ་དང་། ནད་པ་སྟོང་གཅིག་དང་སུམ་བརྒྱ་སོ་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

སཱ་ལོ་མིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཉིས་དང་དགུ་བརྒྱ་སོ་གསུམཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་སོ་གཅིག་ཇེ་མང་དུ་སོང་། མིག་སྔར་མི་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་སོ་དགུ་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་སྟོང་གཉིས་དང་བརྒྱད་བརྒྱ་ཉེར་བདུན་གྱིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁྲོད་དུ་བརྒྱ་ཆའི་གྱ་དྲུག་ནི་ལོ་ན་བདུན་ཅུ་ལས་བརྒལ་བ་ཏག་ཏག་རེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།