ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་རྐྱེན་ལམ་དུ་ཤོར་ཚད་སྟོང་གསུམ་ལས་བརྒལ། 
2020.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཧྥ་རན་སིའི་སྤྱི་བའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་སུམ་ཅུའི་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བཞི་དང་སྟོང་བཞི་ལྔ་བརྒྱ་ལྔ་བཅུར་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་བཞི་དང་སུམ་བརྒྱ་དོན་དྲུག་ཇེ་མང་དུ་སོང་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་གསུམ་དང་ཉེར་བཞི་ཡོད། འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་བཞི་བརྒྱ་དང་བཅོ་བརྒྱད་ཇེ་མང་དུ་སོང་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།