ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ། 
2020.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 97

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་སུམ་ཅུའི་ཉིན་སྤེལ་བའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཨ་མེ་རི་ཁར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ་ཡོད་པ་དང་། ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་རེད། 

གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། ཨ་མེ་རི་ཁར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་ཉིས་བརྒྱ་ཞེ་དྲུག་ཏུ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་གཉིས་དང་བརྒྱད་བརྒྱ་ཉེར་བརྒྱད་ཡོད།

དེ་ལས་གཞན་སློབ་ཆེན་དེའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་བདུན་དང་ཁྲི་དྲུག་སྟོང་དྲུག་སུམ་བརྒྱ་སོ་དྲུག་ཏུ་འཕར་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་དང་སྟོང་དྲུག་བརྒྱད་བརྒྱ་དོན་གསུམ་ཡོད། དབྱི་ཐཱ་ལེ་ནི་ནད་པ་རྐྱེན་ལམ་དུ་ཤོར་བ་ཆེས་མང་བའི་རྒྱལ་ཁབ་ཡིན་པ་དང་། བསྡོམས་པས་ནད་པ་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་གོ་གཅིག་རྐྱེན་ལམ་དུ་ཤོར། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ལས་གཞིས་ཨ་མེ་རི་ཁའི་ཀྲིག་སོ་སོའི་རིམས་ནད་གནས་ཚུལ་དང་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།