ཕེ་སི་ཁི་ཧྥུའུ་ཡིས་ཨུ་རུ་སིས་ཨ་མེ་རུ་ཁར་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དངོས་རྫས་སྐོར་ཞིག་འདོན་སྤྲོད་བྱས་པ་བདེན་དཔང་བྱས།
2020.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཨུ་རུ་སིས་ཨ་མེ་རུ་ཁར་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དངོས་རྫས་སྐོར་ཞིག་འདོན་སྤྲོད་བྱས་པ་བདེན་དཔང་བྱས།

ཕ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རུ་ཁ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཁ་པར་བཏང་སྟེ་བསྟན་དོན། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་དགོས་ཟེར།

ཕེ་སི་ཁི་ཧྥུའུ་ཡིས་ད་དུང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གཅིག་གྱུར་སྒོས་བལྟས་ན། དེང་སྐབས་འཛམ་གླིང་གི་རྡོ་སྣུམ་ཚོང་རའི་ནང་དུ་རྡོ་སྣུམ་གྱི་རིན་གོང་དམའ་བ་དེ་ཨུ་རུ་སི་དང་ཨ་མེ་རུ་ཁ་རྒྱལ་ཁབ་གཉིས་ལ་ཕན་པ་མེད་པར་མ་ཟད། འཛམ་གླིང་གི་རྡོ་སྣུམ་ཚོང་རའི་གནས་བབ་ཐད་ནས་གྲོས་མོལ་བྱེད་རྒྱུར་འཐད་པ་བྱུང་།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཨ་མེ་རུ་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་པྲོག་གསར་གློ་ཚད་ནད་དུག་འཛམ་གླིང་ཡོངས་སུ་འགོས་ཁྱབ་བྱུང་བར་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པའི་ཚུལ་བསྟན་པ་དང་། ཕན་ཚུན་ལ་རྒྱལ་ཁབ་རང་རང་གིས་རིམས་ནད་འགོག་རྒོལ་ཕྱོགས་སུ་སྤྱད་པའི་བྱེད་ཐབས་ཁྱབ་སྒྲོག་བྱས། ཕྱོགས་གཉིས་ཀྱིས་ད་དུང་རིམས་ནད་འགོག་རྒོལ་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱིས་རོགས་ལས་བྱེད་པའི་གནད་དོན་ལ་གྲོས་སྡུར་བྱས།