དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་མིག་སྔར་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱི་ནད་ཀྱི་གནས་ཚུལ་བརྟན་འཇགས་ཡིན་ཞེས་བསྟན།
2020.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

དབྱི་ཇིའི་འཕྲོད་བསྟེན་པུའུ་ཡིས་ཟླ་བཞི་བའི་ཚེས་བདུན་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། ཉེན་དེར་དབྱིན་ཇི་ནས་ཤི་བའི་ནད་པ་སྟོང་དྲུག་དང་བརྒྱ་དང་ང་དགུ་ལ་འཕར་སྣོན་བྱུང་ཞིང་། ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་ཁྲི་ལྔ་དང་སྟོང་ལྔ་ཉིས་བརྒྱ་ཞེ་གཉིས་ལ་བསླེབས་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གསུམ་དང་དྲུག་བརྒྱ་སོ་བཞི་ཇེ་མང་ལ་སོང་།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་ཚེས་བདུན་ཉིན་གྱི་དགོང་མོར་བཤད་རྒྱུར། མིག་སྔར་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱི་ནད་ཀྱི་གནས་ཚུལ་བརྟན་འཇགས་ཡིན་ལ། ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་ལྟ་ཞིབ་བྱེད་བཞིན་ཡོད་ནའང་ཁོའི་ནད་ཀྱི་གནས་ཚུལ་བརྟན་འཇགས་ཡིན་ཟེར།

རིམས་ནད་འགོག་བཅོས་བྱེད་སྐབས། སྲིད་གཞུང་གི་བྱེད་ཐབས་ལས་གཞན་མི་སྒེར་ཁྱབ་ཁོངས་སུ་ཡང་ནུས་ཤུགས་འདོན་བཞིན་ཡོད། ཡུན་རིང་ལ་གསོ་རིག་ཞིབ་འཇུག་ཐད་ལ་རོགས་སྐྱོར་བྱེད་པའི་དབྱིན་ཇིའི་ཝེ་ཨར་ཁི་མུའུ་ཐེབས་རྩ་ཚོགས་པས་ཚེས་བདུན་ཉིན་གྲོས་འགོ་ཞིག་བཏོན་ཏེ། མི་སྒེར་ཁྱབ་ཁོངས་ཀྱིས་སེར་སྣ་སྤུ་ཙམ་མེད་པར་མ་དངུལ་རོགས་སྐྱོར་འདོན་སྤྲོད་བྱས་ནས། ཟླ་འདིའི་ཟླ་མཇུག་བར་དུ་ཨ་མེ་རུ་ཁའི་སྒོར་མོ་ཐེར་འབུམ་བརྒྱད་བསྡུས་ཏེ་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ནད་དུག་ལ་འགོག་སྨན་བརྒྱག་པ་དང་སྨན་བཅོས་བྱེད་པ། དེ་མིན་ཞིབ་བཤེར་ཚད་ལེན་ལག་རྩལ་གསར་གཏོད་ཕྱོགས་སུ་བཀོལ་དགོས་པའི་འབོད་སྐུལ་བཏང་།