སོ་མཱ་ལི་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར། 
2020.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ཉེ་འདབས་ས་ཁུལ་དུ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

ས་དེའི་མིང་བཤད་མི་འདོད་པའི་ཉེན་རྟོག་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་སྔ་དྲོར། འགྲུལ་བ་དྲུད་པའི་སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་མའོ་ཅཱ་ཏིས་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་ཨ་ཧྥུའུ་ཀི་ཡེ་ས་ཁུལ་ནས་མའོ་ཅཱ་ཏིས་སུ་བགྲོད་པ་དང་། ལམ་བར་ནས་ཧཱ་ཝ་ཨ་པུའུ་ཏིས་ས་ཁུལ་བརྒྱུད་སྐབས་འགས་གཏོར་བྱུང་བ་རེད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།