ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་འབུམ་གཅིག་དང་ཁྲི་ལྔ་སྟོང་གཅིག་དང་སུམ་བརྒྱ་ཉེར་ལྔ་ལ་བསླེབས།
2020.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཟླ་དྲུག་པའི་ཚེས་གཉིས་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་འབུམ་གཅིག་དང་ཁྲི་ལྔ་སྟོང་གཅིག་དང་སུམ་བརྒྱ་ཉེར་ལྔ་ལ་བསླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་བཞི་ཉེར་བརྒྱད་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ཉིས་བརྒྱ་དང་དྲུག་ཅུ་ཇེ་ཉུང་དུ་སོང་། ནད་པ་སྟོང་གཅིག་དང་ཉིས་བརྒྱ་ང་གསུམ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ཞེ་དགུ་ཇེ་ཉུང་དུ་སོང་།

ཧྥ་རན་སིའི་ནོར་སྲིད་པུའུ་ཀྲང་ལེ་མེ་ཨར་གྱིས་ཟླ་དྲུག་པའི་ཚེས་གཉིས་ཉིན་བཤད་དོན།  པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཧྥ་རན་སིའི་དཔལ་འབྱོར་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཧྥ་རན་སིའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་སྔོན་དཔག་བྱས་ན་བརྒྱ་ཆའི་བཅུ་གཅིག་ཇེ་དམའ་རུ་སོང་ཞིང་། སྲིད་གཞུང་གིས་མ་འོངས་པའི་ཟླ་འགའི་ནང་ཧུར་ཐག་སྒོས་ལས་ཤོར་གྱི་ཚད་ཇེ་མཐོར་འགྲོ་བ་ཚོད་འཛིན་བྱས་ནས་ཁེ་ལས་ཀྱི་མ་རྩ་རྡིབ་པར་ནུས་ཤུགས་འདོན་ངེས་ཡིན་ཟེར།