ཐི་ལང་ཕུའུ་ཡིས་འདེམས་བསྐོའི་འདུ་ཚོགས་ཐོག་མ་བསྐྱར་དུ་སྤེལ།
2020.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཚེས་ཉི་ཤུ་ཉིན་གྱི་དགོང་མོ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས། ཨ་མེ་རི་ཁས་རིམས་འགོག་བྱ་ཐབས་ནན་པོ་སྤྱད་ཚུན་གྱི་འདེམས་བསྐོའི་འདུ་ཚོགས་ཐོག་མ་དེ་སྤེལ་ནས་ལེགས་འགྲུབ་བྱུང་ཞིང་། ཐེངས་འདིའི་འདུ་ཚོགས་སྤེལ་ཡུལ་གྱི་ས་གནས་དེ་ནི་རིམས་ནད་ཅུང་ཡང་བའི་དབུས་རྒྱུད་ཀྱི་ཨུ་ཁེ་ལ་ཧོ་མ་ཀྲོའུ་ཡི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཐ་ཨར་སའི་ཁང་པའི་ནང་བདམས་ཡོད།

འདུ་ཚོགས་སྤེལ་ཡུལ་དེར་མི་ཁྲི་གཅིག་དང་སྟོང་དགུ་ཤོང་ཐུབ་མོད། འོན་ཀྱང་ཉིན་དེའི་དགོང་མོར་འདུག་གནས་སྟོང་བ་མང་དག་ཅིག་ལྷག་པ་རེད།  ཐི་ལང་ཕུའུ་ཡིས་དུས་ཡུན་དུས་ཚོད་གཅིག་དང་མིའོ་ལྔའི་རིང་གཏམ་བཤད་སྤེལ་ནས། ཁོའི་གླེང་བྱ་གཙོ་བོ་ནི་རིམས་ནད་ལ་ཁ་གཏད་གཅོག་པ་དང་། མིག་སྔར་ཨ་མེ་རི་ཁ་ཡོངས་ཀྱིས་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་དང་། རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་བྱེད་སྒོ  དེ་བཞིན་དཔལ་འབྱོར་དང་ཕྱི་འབྲེལ་སྲིད་ཇུས་སྐོར་རེད།

ཐི་ལང་ཕུའུ་ཡིས་སྤེལ་བའི་འདེམས་བསྐོའི་འདུ་ཚོགས་འདི་ནི་རིམས་ནད་ཀྱི་གནས་ཚུལ་གསར་པ་ཐོན་པའི་རིང་ལ། གོ་ལ་ཧྲིལ་པོའི་ཆ་ནས་བཤད་ན་གཞི་ཁྱོན་ཆེ་ཤོས་ཀྱི་ཁང་པའི་ནང་གི་འདུ་འཛོམས་ཤིག་རེད། པྲོག་གསར་རིམས་ནད་ཀྱི་གནས་ཚུལ་ཨ་མེ་རི་ཁའི་རྒྱལ་ཡོངས་སུ་གློ་བུར་དུ་བྱུང་བ་ནས་བཟུང་། ཨ་མེ་རི་ཁ་ཡོངས་ལ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ས་ཡ་གཉིས་དང་འབུམ་གཉིས་ལས་བརྒལ་ནས་མི་འབུམ་གཅིག་དང་ཁྲི་གཉིས་ཙམ་རིམས་ནད་ཀྱི་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཡོད།

འཕྲོད་བསྟེན་སྐོར་གྱི་ཆེད་མཁས་པས་མི་ཚོགས་ཆེ་གྲས་འདུ་འཛོམས་ཀྱི་བྱེད་སྒོ་མི་སྤེལ་རྒྱུའི་གྲོས་འགོ་བཏོན་མོད། འོན་ཀྱང་ཐི་ལང་ཕུའུ་དང་ཁོང་གི་བློ་འདོན་པ་ཚོས་འདེམས་བསྐོའི་འདུ་ཚོགས་སྤེལ་རྒྱུར་ཨུ་ཚུགས་མཐའ་འཁྱོལ་བྱས། ཐེ་ལུང་ཕུའུ་ཡིས་འདེམས་བསྐོའི་འདུ་ཚོགས་སྤེལ་བ་ཡིན་ན། དམག་མིའི་ངར་ཤུགས་འཕེལ་བར་རོགས་རམ་བྱེད་པ་དང་དམངས་འདོད་ལ་རྒྱབ་སྐྱོར་བྱེད་ཚད་མཐོ་རུ་གཏོང་བ། སྤྱི་མཐུན་ཏང་མིར་འདེམས་བསྐོའི་འགྲན་བསྡུར་གྱི་རྣམ་པ་མངོན་པར་བྱེད་པ་བཅས་ཀྱི་དགེ་མཚན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག

ལོ་ཙཱ་བ། བན་དེ་སྐྱབས།