ཨ་ཧྥེ་རི་ཁ་གླིང་དུ་རིམ་རྩིས་བྱས་ན་ནད་པ་འབུམ་དགུ་ལྷག་ཙམ་གཏན་འཁེལ་བྱས།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཚེས་སོ་གཅིག་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་ཧྥེ་རི་ཁ་གླིང་ས་ཁུལ་དུ་བསྡོམས་པས་ནད་རྟགས་གསར་བ་གཏན་འཁེལ་བྱས་པའི་ནད་པ་འབུམ་དགུ་དང་སྟོང་དགུ་བརྒྱད་བརྒྱ་བདུན་ཡོད་པ་དང་། དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་དགུ་སུམ་བརྒྱ་ཉེར་བརྒྱ་ཡོད། ནད་པ་འབུམ་ལྔ་དང་ཁྲི་ལྔ་སྟོང་དྲུག་བརྒྱད་བརྒྱ་དྲུག་ཅུ་དྲག་སྐྱེད་བྱུང་བ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ང་བཞི་བོ་ཚང་མར་རིམས་ནད་ཀྱི་གནས་ཚུལ་གསར་པ་ཐོན་ཡོད་པ་དང་། རིམ་རྩིས་བྱས་ན་ནད་པ་ཁྲི་ལས་བརྒལ་བ་གཏན་འཁེལ་བྱས་པའི་རྒྱལ་ཁབ་བཅུ་གསུམ་ཡོད་པ་རེད། རིམས་ནད་ཅུང་ཚབས་ཆེ་བའི་རྒྱལ་ཁབ་ནང་ལྷོ་ཨ་ཧྥེ་རི་ཁ་དང་ཨེ་ཅིབ། ནི་ཀྲེ་རི་ཡ། ཀག་ན་སོགས་ཚུད་ཡོད། དེའི་ནང་ལྷོ་ཨ་ཧྥེ་རི་ཁར་རིམ་རྩིས་བྱས་ན་ནད་པ་འབུམ་བཞི་དང་ཁྲི་བརྒྱད་ལྷག་ཙམ་གཏན་འཁེལ་བྱས་པ་དང་། ཨེ་ཅིབ་དང་ནི་ཀྲེ་རི་ཡ། ཀག་ན་བཅས་སུ་རིམ་རྩིས་བྱས་ན་ནད་པ་ཁྲི་དགུ་དང་སྟོང་གསུམ་དང་ནད་པ་ཁྲི་བཞི་དང་སྟོང་གཉིས། ནད་པ་ཁྲི་གསུམ་དང་སྟོང་ལྔ་བཅས་སོ་སོར་གཏན་འཁེལ་བྱས་པ་རེད།

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། རིམས་ནད་གསར་པ་མཆེད་རྒྱུ་བཀག་འགོག་བྱ་ཆེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་བཞི“ཕྱོགས་ཡོངས་ནས་སྒོ་རྒྱག་མཐའ་མཚམས”ཀྱི་གནས་སུ་གྱུར་ཡོད། རྒྱལ་ཁབ་ཞེ་གཅིག་གིས་སྤྱི་པའི་ཚོགས་རར་བཙན་ཤེད་རང་བཞིན་གྱི་ཁ་ཐུམ་རྒྱག་པ་དང་། རྒྱལ་ཁབ་བཅུ་གཅིག་གིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་ཚོད་འཛིན་བྱེད་པའི་གཏན་འབེབས་བཟོས་ཡོད། དུས་མཚུངས་སུ་རྒྱལ་ཁབ་སོ་གཅིག་གིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཇེ་ལྷོད་དུ་གཏོང་བཞིན་ཡོད། ཕྱི་རོལ་གྱི་བྱེད་སྒོ་དེ་བས་མང་བ་དང་ཁེ་ལས་དེ་བས་མང་བ་བསྐྱར་དུ་ཐོན་ཆོག་པ་དང་དེ་བཞིན་ཆོས་ལུགས་སྒྲིག་གཞིས“ཚད་ཡོད་ཀྱི་འདུ་འཛོམས”བྱེད་ཆོག་གི་ཡོད་པ་རེད།

ལོ་ཙཱ་བ། བན་དེ་སྐྱབས།