ཧྥེ་ལེ་པེན་ལྷོ་ངོས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་།
2020.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་ཚེས་གཉིས་ཉིན་གྱི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་། མིག་སྔར་གནས་སྐབས་སུ་མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་དགུའི་སྟེང་ཧྥེ་ལེ་པེན་པའོ་ལོས་ཁི་གྲུ་ཁའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅུའི་མཚམས་སུ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཞི་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་ཟེར། 

ཧྥེ་ལེ་པེན་ཞི་བདེ་རྒྱ་མཚོ་ཆེན་མོའི་མེ་རིའི་ས་འགུལ་རྒྱུན་དུ་ཆགས་ཡོད་པས། ས་འགུལ་མང་དུ་འབྱུང་བཞིན་ཡོད། ཧྥེ་ལེ་པེན་གྱི་མེ་རི་ས་འགུལ་ཞིབ་འཇུག་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ཁབ་དེར་ལོ་རེར་ཚད་རིམ་ཅུང་མཐོ་བའི་ས་འགུལ་ཐེངས་བརྒྱ་དང་ཐེངས་བརྒྱ་དང་ལྔ་བཅུ་བྱུང་གིན་ཡོད་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།