ཐུ་ནི་སི་ཡིས་ལེ་པ་ནོན་ལ་ཛ་དྲག་གི་རོགས་སྐྱོར་བྱ་རྒྱུ་རེད།
2020.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཐུ་ཉི་སིའི་ཙུང་ཐུང་སའེ་དབྱི་ཏེ་ཡིས་ཚེས་ལྔ་ཉིན་ལེ་པ་ནོན་ལ་ཛ་དྲག་གི་བཟའ་བཅའ་དང་སྨན་རྫས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྒྲགས།

ཐུ་ཉི་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། སའེ་དབྱི་ཏེ་ཡིས་བཤད་རྒྱུར། ཐུ་ནི་སི་ཕྱོགས་ཀྱིས་ལེ་པ་ནོན་ལ་ཆེད་གཏོང་གནམ་གྲུ་གཉིས་གཏོང་རྒྱུ་རེད། ལེ་པ་ནོན་ལ་དགོས་མཁོ་ཆེ་བའི་ཟས་རིགས་དང་སྨན་རྫས་སྐྱེལ་འདྲེན་བྱས་ནས་རོགས་སྐྱོར་བྱེད་རྒྱུ་རེད། ཁོས་ད་དུང་། དངོས་པོ་སྐྱེལ་ཚར་ཏེ་གནམ་གྲུ་ཕྱིར་ལོག་སྐབས་ད་དུང་ལེ་པ་ནོན་གྱི་རྨས་མ་བརྒྱ་ལེན་ཐུབ་པ་དང་། ནད་པ་དེ་དག་ཐུ་ཉི་སི་ནས་སྨན་བཅོས་དང་ལེན་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

དེའི་སྔོན། སའེ་དབྱི་ཏེས་ད་དུང་ལེ་པ་ནོན་གྱི་ཙུང་ཐུང་ཨའོ་ཨེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་། པེ་རུ་ཐེའི་འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པར་མ་ཟད།  ལི་པ་ནོན་ཕྱོགས་ལ་རོགས་རམ་བྱེད་འདོད་ཡོད་ཅེས་བཤད།

ས་གནས་དེ་གའི་དུས་ཚོད་ཚེས་བཞི་ཉིན་གྱི་ཆུ་ཚོད་བཅོ་བརྒྱད་དང་སྐར་མ་བཅུ་ཡི་གཡས་གཡོན་དུ། པེ་ལུའུ་ཐེ་གྲུ་ཁའི་ས་ཁུལ་དུ་འབར་གས་དྲག་པོ་བྱུང་བ་དང་།  ཚེས་ལྔ་ཉིན་གྱི་ཞོགས་པའི་བར་འབར་གས་བྱུང་བའི་ཁྲོད་མི་བརྒྱ་ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་བཞི་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། འབར་གཏོར་གྱི་ཞིབ་ཕྲའི་རྒྱུ་རྐྱེན་མིག་སྔར་ད་དུང་གསལ་པོ་མི་ཤེས།

ལོ་ཙཱ་བ། བན་དེ་སྐྱབས།