ཐུར་ཁེ་ཡིས་མུ་མཐུད་དུ་རྒྱལ་ཁོངས་བརྒལ་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན། 
2020.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། གལ་ཏེ་དབྱི་རག་གིས་མུ་མཐུད་དུ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པ་རང་གི་མངའ་ཁོངས་སུ་སྡོད་པར་བཟོད་སྒོམ་བྱེད་ན། ཐུར་ཁེ་ཡིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་རྩ་འཛུགས་དེར་རྒྱལ་ཁོངས་བརྒལ་ནས་ཆམ་ཕབ་གཏོང་ངེས་ཡིན་ཟེར། 

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཡིག་ཐོག་གི་གསལ་སྒྲོག་སྤེལ་ནས། ཐུར་ཁེ་ཡིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་དབྱི་རག་བར་མཉམ་ལས་བྱེད་རྩིས་ཡོད་ཟེར། གལ་ཏེ་དབྱི་རག་སྲིད་གཞུང་གིས་དྲག་ཆས་རྩ་འཛུགས་དེ་མུ་མཐུད་དུ་དབྱི་རག་མངའ་ཁོངས་སུ་སྡོད་པར་བཟོད་སྒོམ་བྱས་ན། ཐུར་ཁེ་ཡིས་རྒྱལ་མཚམས་བདེ་འཇགས་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ངེས་ཡིན་ཟེར། 

དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཐུར་ཁེའི་དམག་ཕྱོགས་ཀྱིས་ཉིན་དེར་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་དབྱི་རག་བྱང་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། དབྱི་རག་གི་མཐའ་སྲུང་དམག་དཔུང་གི་དཔོན་དམག་གསུམ་རྐྱེན་ལམ་དུ་ཤོར་ཟེར། དབྱི་རག་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཐུར་ཁེ་ཡིས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་མཚམས་བརྒལ་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཐུར་ཁེ་ཡིས་མྱུར་དུ་རིགས་དེ་མཚུངས་ཀྱི་འཇབ་རྒོལ་མཚམས་འཇོག་དགོས་པའི་རེ་བ་བཏོན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།