དབྱི་སི་རལ་ནུབ་རྒྱུད་དུ་ཅཱ་ཧྲ་ས་ཁུལ་གྱི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ནས་མི་སེར་བཅུ་གསུམ་ལ་རྨས་ཕོག
2020.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་སི་རལ་སྨྱན་བྱད་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། མེ་ཤུགས་འཕུར་མདའ་གཉིས་ཉིན་དེའི་དགོང་མོར་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་མངའ་ཁོངས་སུ་འཕངས་ནས། མི་སེར་བཅུ་གསུམ་ལ་རྨས་ཕོག

གསར་འགྱུར་ལས་མེ་ཤུགས་འཕུར་མདས་དབྱི་སི་རལ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཨ་ཧྲི་ཏུའུ་ཏི་དང་ཨ་ཧྲི་ཁའེ་ལུང་ལ་འཇབ་རྒོལ་བྱས་ནས། ཨ་ཧྲི་ཏུའུ་ཏི་ཡི་མི་སེར་བཅུ་གསུམ་ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཤིག་གིས་བཤད་རྒྱུར། མེ་ཤུགས་འཕུར་མདའ་གཅིག་ཨ་ཧྲི་ཏུའུ་ཏི་གྲོང་ཁྱེར་གྱི་ཚོང་ར་ཞིག་གི་ཉེ་འགྲམ་དུ་ལྷུང་ནས། ཚོང་ར་དང་རླངས་འཁོར་ལ་གཏོར་བརླག་ཐེབས་པ་དང་། སྡོད་དམངས་འགའ་ལ་རྨས་ཕོག་པ་མ་ཟད། མི་གཅིག་གི་རྨས་སྐྱོན་ཅུང་ལྕི་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་བཅོ་ལྔ་ཉིན་བདེན་དཔང་བྱས་པ་ལྟར་ན། མེ་ཤུགས་འཕུར་མདའ་གཉིས་ཉིན་དེའི་དགོང་མོར་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕངས་པ་དང་། འཕུར་མདའ་གཅིག་དབྱི་སི་རལ་དམག་དཔུང་གི་ཐའེ་ཁྱུང་འགོག་སྲུང་མ་ལག་གིས་བཀག་འགོག་བྱས། དབྱི་སི་རལ་གྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་ཀན་ཚི་ཡིས་དེའི་རྗེས་བདེ་འཇགས་གྲོས་མོལ་གྲོས་ཚོགས་བསྡུས།

མིག་སྔའི་བར་དུ། རྩ་འཛུགས་གང་ཞིག་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་མ་བླངས།

ལོ་ཙཱ་བ། རིན་ཆེན་མཚོ།