འཇར་པན་གྱི་ནེ་ཀི་གསར་བས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོའི་བྱ་བ་གཙོར་འཛིན་རྒྱུ་རེད། 
2020.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

འཇར་པན་དམངས་གཙོ་ཏང་གི་ཙུང་ཚེ་གསར་བ་ཅན་དབྱེ་ཝེ་ཚེས་བཅུ་དྲུག་ཉིན་གནས་སྐབས་རྒྱལ་ཚོགས་ནས་བདེ་བླག་ངང་འཇར་པན་གྱི་སྐབས་གོ་དགུ་བའི་དབུ་བཞུགས་བློན་ཆེན་དུ་བདམས་ཐོན་བྱུང་སྟེ་ཉིན་དེར་ནེ་ཀི་གསར་བ་རྩ་འཛུགས་བྱས། ཅན་དབྱེ་ཝེ་ཡིས་བསྟན་དོན། ནེ་ཀི་གསར་བས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་། ཤུགས་ཆེན་པོས་འཇར་པན་གྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཅན་དབྱེ་ཝེ་ཡིས་དབུ་བཞུགས་བློན་ཆེན་དུ་བདམས་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐོག་མའི་སྟེང་བཤད་རྒྱུར། ད་ལྟ་ཆེས་གལ་ཆེ་བ་ནི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དེ་ཡིན་པ་དང་། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་རྒྱལ་ཁབ་དག་དང་འདྲ་བར་རྒྱ་ཡན་དུ་གཏོང་མི་རུང་ལ། ང་ཡིས་རྒྱལ་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན། དེའི་རྗེས་ནས་སྤྱི་ཚོགས་དཔལ་འབྱོར་གྱི་སླར་གསོ་གཙོར་འཛིན་རྒྱུ་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།