ཕ་ཁི་སི་ཐན་དུ་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར།
2020.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས་ཉེར་བཞི་ཉིན་གྱི་དགོང་མོར། ཕ་ཁི་སི་ཐན་ཤར་རྒྱུད་ཀྱི་ཕང་ཀྲེ་ཕུའུ་ཞིང་ཆེན་དུ་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་ལ་རྨས་སྐྱོན་བཟོས།

ཕ་ཁི་སི་ཐན་གསར་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དངོ་ཟོག་སྐྱེལ་འདྲེན་རླངས་འཁོར་ཞིག་ཚེས་ཉེར་བཞི་ཉིན་གྱི་དགོང་མོ་རྒྱལ་ས་དབྱི་སི་ལམ་པོའི་ཤར་ལྷོའི་སྤྱི་ལེ་བརྒྱ་དང་ཉི་ཤུ་ཙམ་ཡོད་པའི། ཅེ་ཧོ་ལེ་མུའུ་ས་ཁུལ་དུ་སྐྱོད་སྐབས་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་ནས། འགྲུལ་སྐྱེལ་རླངས་འཁོར་ནང་གི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་ལ་རྨས་སྐྱོན་བཟོས་ཡོད་ཅིང་། རྐྱེན་ལམ་དུ་ཤོར་བའི་ནང་བུད་མེད་དང་བྱིས་པ་ཚུད་ཡོད་ཟེར།

དོན་རྐྱེན་བྱུང་རྗེས་རོགས་སྐྱོབ་མི་སྣས་འཕྲལ་མར་ཡུལ་དངོས་ནས་རོགས་སྐྱོབ་བྱས།  རླངས་འཁོར་གྱི་ཁ་ལོ་བ་དོན་རྐྱེན་བྱུང་རྗེས་བྲོས་པར་བརྟེན། ཉེན་རྟོག་པས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས།

ཕ་ཁི་སི་ཐན་དུ་འགྲིམ་འགྲུལ་དོན་རྐྱེན་ཡང་ཡང་བྱུང་བའི་རྒྱུ་རྐྱེན་མང་ཆེ་བ་ནི་རླངས་འཁོར་རྙིང་ཤས་ཆེ་བ་དང་འགྲོ་ལམ་ཀྱག་ཀྱོག་ཡིན་པ། ལོ་མང་གཞུང་ལམ་ཉམས་གསོ་མ་བྱས་པ། ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཞན་པ་བཅས་ཀྱི་དབང་གིས་རེད།

ལོ་ཙཱ་བ། བན་དེ་སྐྱབས།