སི་ལོ་ཝེ་ཉི་ཡ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་བཞི་བརྒྱ་གྱ་བརྒྱད་འཕར་སྣོན་བྱུང་།
2020.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སི་ལོ་ཝེ་ཉི་ཡ་སྲིད་གཞུང་གིས་ཚེས་ཉེར་དགུ་ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་བཞི་བརྒྱ་གྱ་བརྒྱད་འཕར་སྣོན་བྱུང་ཞིང་ཉིན་གཅིག་ལ་གསར་དུ་འཕར་སྣོན་བྱུང་བའི་ནད་པ་བསྟུད་མར་ཉིན་གཉིས་ལ་སྟོང་གཉིས་ལས་བརྒལ་བ་དང་། རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་གསུམ་དང་དྲུག་བརྒྱ་དང་ཞེ་བཞི་ལ་སླེབས་ཤིང་།  རྐྱེན་ལམ་དུ་ཤོར་བའི་ནད་པ་བཅུ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཉིས་བརྒྱ་དང་གོ་གཉིས་རྐྱེན་ལམ་དུ་ཤོར།

ཚེས་ཉེར་བརྒྱད་ཉིན་སི་ལོ་ཝེ་ཉི་ཡས་བསྡོམས་པས་པྲོག་དབྱིབས་ནད་དུག་ལ་ཞིབ་དཔྱད་ཚད་ལེན་བྱས་པའི་མི་གྲངས་སྟོང་བདུན་དང་ཉིས་བརྒྱ་དང་གཉིས་ཡོངས་འགྲུབ་བྱས་པ་དང་།  པྲོག་དབྱིབས་ནད་དུག་ལ་ངོས་བཟུང་ཚད་བརྒྱ་ཆའི་སོ་བཞི་ལྷག་ལ་སླེབས་ཤིང་།   རྒྱལ་ས་ལུའུ་པུའུ་ཨར་ཡ་ན་རུ་པྲོག་དབྱིབས་ནད་དུག་ལ་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་སོ་བདུན་ཡོད

ལུའུ་པུའུ་ཨར་ཡ་ན་སློབ་ཆེན་གྱི་གསོ་རིག་ལྟེ་གནས་འགོས་ནད་ཚན་ཁག་གི་ཆེད་མཁས་པ་མཱ་ཐའེ་ཡ·ལོ་ཅ་ཨར་གྱིས་བཤད་དོན། འགོ་ནད་ཚན་ཁག་དེའི་ནང་དུ་མིག་སྔར་ནད་པ་བརྒྱ་དང་རེ་གསུམ་ལ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། དེའི་ནང་གི་ནད་པ་སོ་ལྔ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།