ཨ་མེ་རི་ཁའི་རྒྱལ་སྲིད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་མའོ་ཧྥེ་ཡིས་ཚེས་ཉེར་གསུམ་ཉིན་སྔོན་ཆད་ཀྱི་ཙུང་ལི་གཞོན་པ་པེད་ཏིན་དང་དེའི་ཚོགས་ཁག་ལ་བརྡ་བཏང་སྟེ། ཐི་ལིང་ཕུའུ་སྲིད་གཞུང་གིས་སྲིད་དབང་བར་བརྒལ་འཕེལ་རིམ་དངོས་སུ་འགོ་རྩོམ་པར་གྲ་སྒྲིག་བྱས་ཡོད་ཟེར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་དེའི་དགོང་མོར་དྲ་ཐོག་ནས་གནས་ཚུལ་དེར་བདེན་དཔང་བྱས་པ་དང་། ཞོར་དུ་མུ་མཐུད་དུ་འདེམ་བསྐོའི་མཇུག་འབྲས་ལ་འགྲན་རྩོད་བྱེད་རྒྱུའི་ཚུལ་བསྟན།
ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མའོ་ཧྥེ་ཡིས་པེད་ཏིན་ལ་འཕྲིན་ཡིག་བཏང་ནས། ཐི་ལིང་ཕུའུ་སྲིད་གཞུང་གིས་སྲིད་དབང་བར་བརྒལ་འཕེལ་རིམ་འགོ་རྩོམ་པར་གྲ་སྒྲིག་བྱས་ཡོད་པས། པེད་ཏིན་དང་དེའི་ཚོགས་ཁག་གིས་བར་བརྒལ་དུས་སྐབས་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཐོན་ཁུངས་དང་ཞབས་ཞུ་བེད་སྤྱོད་བྱས་ཆོག་ཟེར།
ཐི་ལིང་ཕུའུ་ཡིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་མའོ་ཧྥེ་ཡིས་སྲིད་དབང་བར་བརྒལ་འཕེལ་རིམ་འགོ་རྩོམ་པའི་གྲོས་གཞི་བཏོན་པ་དང་། རང་ཕྱོགས་ཚོགས་ཁག་གིས་གཅིག་མཐུན་གྱི་བྱེད་ཐབས་སྤྱོད་དགོས་པའི་རེ་བ་བཏོན་ཡང་། ཐི་ལིང་ཕུའུ་ཡིས་འདེམ་བསྐོའི་ཁྲོད་ཕམ་ཁ་བྱུང་བ་ཁས་ལེན་མ་བྱས་པར། མུ་མཐུད་དུ་འདེམ་བསྐོའི་མཇུག་འབྲས་ལ་འགྲན་རྩོད་བྱེད་རྒྱུའི་ཚུལ་བསྟན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།