འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་ལྔ་དང་ས་ཡ་བརྒྱད་འབུམ་དགུ་ལྔ་བརྒྱ་ཞེ་བདུན་ལ་བསླེབས་ཡོད།
2020.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་ལྔ་དང་ས་ཡ་བརྒྱད་འབུམ་དགུ་ལྔ་བརྒྱ་ཞེ་བདུན་ལ་བསླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་བཅོ་བརྒྱད་དང་སྐར་མ་བརྒྱད་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་བཞི་དང་ཁྲི་དྲུག་སྟོང་གསུམ་བདུན་བརྒྱ་སུམ་ཅུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་ལྔ་དང་ས་ཡ་བརྒྱད་འབུམ་དགུ་ལྔ་བརྒྱ་དང་ཞེ་བདུན་ལ་བསླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བདུན་དང་བདུན་བརྒྱ་བཅུ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དགུ་སྟོང་གསུམ་དང་སུམ་བརྒྱ་དང་ལྔ་ལ་བསླེབ་ཡོད།

ལོ་ཙཱ་བ། བཀྲ་ཤིས་འབུམ།