ཨུ་རུ་སིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་འབྲེལ་བ་ཡོད་པའི་དོགས་ཡོད་པ་ཞིག་འཛིན་བཟུང་བྱས།
2020.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 71

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་དྲ་ཚིགས་སྟེང་ཚེས་ཉེར་ལྔ་ཉིན་སྤེལ་བའི་སྤྱི་བསྒྲགས་ལྟར་ན། ཨུ་རུ་སིའི་ཁྲིམས་འཛིན་མི་སྣས་ཉེ་སྔོན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་མའོ་སི་ཁོ་ས་ཁུལ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་སློང་འདོད་པའི་ལྐོག་གཡོ་ཕམ་པར་བརྒྱབ་སྟེ། གྱོད་འབྲེལ་དོགས་ཡོད་པ་ཞིག་འཛིན་བཟུང་བྱས་ཟེར།

སྤྱི་བསྒྲགས་དེའི་ནང་དུ། ཨུ་རུ་སིའི་ཁྲིམས་འཛིན་མི་སྣས་ཧྥོ་ལ་ཅི་མུས་ཨར་མངའ་སྡེ་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་འབྲེལ་བ་ཡོད་པའི་དོགས་ཡོད་པ་ཞིག་འཛིན་བཟུང་བྱས་པར་མ་ཟད། བརྟག་དཔྱད་བྱེད་སྐབས་སྒེར་གྱིས་བཟོས་པའི་འགད་རྫས་ཤིག་རྙེད། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒྱབ་སྐྱོར་བྱེད་མཁན་དེ་ཡོད་སའི་ཚོགས་ཁག་གིས་ད་དུང་ཁོངས་མི་གསར་པ་བསྡུ་བ་དང་འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་ལ་ཞལ་འདེབས་བསྡུ་བ་སོགས་ཀྱི་བྱ་འགུལ་སྤེལ་མྱོང་ཞེས་བཤད་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། དེ་དང་འབྲེལ་བའི་བརྟག་དཔྱད་བྱ་བ་ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ལོ་ཙཱ་བ། ཕྱུག་ལོ།