ཡོ་རོབ་མནའ་འབྲེལ་གྱིས་ཉིས་སྟོང་སུམ་ཅུ་ལོར་སླེབས་དུས་ཁྱིམ་མེད་འཁྱམ་པོའི་སྣང་ཚུལ་མེད་པར་བཟོ་རྒྱུ་རེད།
2020.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚེས་ཉེར་ལྔ་ཉིན་འཇར་མན་གྱི་བརྙན་འཕྲིན་འཕྲིན་ལམ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ཏུ་གར་འགྲོ་གཏོད་ཡུལ་བྲལ་བའི་ཡུལ་འཁྱམ་པ་འདས་པའི་ལོ་བཅུའི་རིང་མངོན་སུམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རིམས་ནད་གསར་བ་བྱུང་རྗེས། རྒྱལ་ཁབ་སོ་སོས་རིམས་ནད་འགོག་བཅོས་ཀྱི་ཆེད་དུ། ཁྱིམ་མེད་པའི་ཡུལ་འཁྱམ་པར་རོགས་རམ་བྱས་པར་བརྟེན། སྲང་བར་གང་སར་འཁྱམས་ཉུལ་བྱེད་ཀྱིན་པའི་འཁྱམས་པོའི་མི་གྲངས་མངོན་གསལ་ཇེ་ཉུང་དུ་ཕྱིན།  དངོས་ཡོད་ཀྱི་རྣམ་པ་འདི་བསྒྱུར་ཆེད། ཡོ་རོབ་མནའ་འབྲེལ་གྲོས་ཚོགས་ཀྱིས་ཉེ་ལམ་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཡོད་ཅིང་། གྲོས་ཆོད་ནང་ཉིས་སྟོང་སུམ་ཅུ་ལོའི་བར་དུ། ཡོ་རོབ་རྒྱལ་ཁབ་ཁག་གི་སྲང་ལམ་གང་སར་ལོག་ས་འདུག་ས་མེད་པའི་ཡུལ་འཁྱམ་པ་མེད་པར་བཟོ་རྒྱུའི་དམིགས་འབེན་བཟོས་ཡོད།

གྲོས་ཆོད་འདི་ལྟར་ན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་དུས་ཡུན་རིང་པོའི་རྒྱལ་ཁབ་ཀྱི་འཐབ་ཇུས་མགྱོགས་མྱུར་བཟོས་ཏེ། སྲང་བར་གྱི་ཡུལ་འཁྱམ་པའི་གྲངས་འབོར་སྔར་ལས་ཇེ་ཉུང་དུ་བཏང་ནས། མཇུག་མཐར་གཅིག་ཀྱང་མེད་པའི་ཚད་དུ་སླེབས་པར་བྱེད་རྒྱུ་རེད། ཡོ་རོབ་མནའ་འབྲེལ་གྱི་མངའ་ཁོངས་ནས་ཕན་ཚུན་མཐུན་སྦྱོར་གང་ལེགས་བྱས་ཏེ། ལོག་ས་འདུག་ས་མེད་པའི་ཡུལ་འཁྱམ་པ་རྣམས་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་གང་རུང་གིས་ཉར་ཐུབ་པ་བྱེད་རྒྱུ་ཡིན་ལ། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ད་དུང་གྲོས་བསྡུར་རྒྱ་ཁྱབ་བྱས་ཏེ། ཁྱིམ་མེད་ཡུལ་འཁྱམ་པ་རྣམས་ལ་སྡོད་གནས་འཚོལ་རོགས་དང་། ཁྱིམ་མེད་ཡུལ་འཁྱམ་པ་རྣམས་ལ་བཟུང་བའི་ལྟ་སྟངས་མི་ལེགས་པ་སེལ་རོགས་བྱེད་པ། སྤྱི་ཚོགས་དང་བྲལ་བའི་ཚོགས་སྤྱི་འདི་དག་ཡང་བསྐྱར་སྤྱི་ཚོགས་ཀྱི་ཁྲོད་དུ་ཐོན་ཐུབ་པར་རོགས་རམ་བྱེད་རྒྱུ་སོགས་ལ་གྲོས་བསྡུར་བྱས།

ལོ་ཙཱ་བ། བན་དེ་སྐྱབས།