འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་དགུ་དང་ས་ཡ་ལྔ་འབུམ་དྲུག་ཁྲི་གཅིག་སྟོང་གཉིས་བརྒྱད་བརྒྱ་སོ་གཅིག་ལ་བསླེབས་ཡོད། 
2021.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་དགུ་དང་ས་ཡ་ལྔ་འབུམ་དྲུག་ཁྲི་གཅིག་སྟོང་གཉིས་བརྒྱད་བརྒྱ་སོ་གཅིག་ལ་བསླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཉེར་དགུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་དྲུག་དང་ཁྲི་གཅིག་བཞི་བརྒྱ་བཅུ་གསུམ་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་དགུ་དང་ས་ཡ་ལྔ་འབུམ་དྲུག་ཁྲི་གཅིག་སྟོང་གཉིས་བརྒྱད་བརྒྱ་སོ་གཅིག་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་བཞི་ལྔ་བརྒྱ་རེ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཉིས་དང་ཁྲི་དྲུག་སྟོང་དྲུག་བརྒྱ་དང་དོན་དྲུག་ལ་བསླེབས་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།