འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་མི་འབོར་བརྒྱ་ཆའི་བཅུ་ལ་པྲོག་གསར་རིམས་ནད་ཀྱི་འགོག་གཟུགས་ཡོད་པར་བསྟན།
2021.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གསུམ་པའི་ཚེས་གཅིག་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་སུའུ་སྨི་ཡ·སི་ཝ་སྨི་ན་ཐན་གྱིས་འཛམ་གླིང་ཡོངས་ཀྱི་མི་འབོར10%ཙམ་ལ་པྲོག་གསར་རིམས་ནད་ཀྱི་འགོག་གཟུགས་ཡོད་པ་དང་། མུ་མཐུད་དུ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་རིམས་འགོག་མ་ལག་ཆགས་པའི་ཐབས་ལམ་ཉག་གཅིག་ཡིན་ཞེས་བཤད།

གསལ་བསྒྲགས་ལས་བསྟན་དོན། སི་ཝ་སྨི་ན་ཐན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཚོགས་འབྲེལ་བའི་སྨྱན་བྱེད་ཀྱི་ཐད་གཏོང་ཆེད་དོན་བཅར་འདྲིའི་ཁྲོད་བསྟན་དོན། རྩ་འཛུགས་འདིས་འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་དུ་མའི་ནད་དུག་ཡོངས་ཁུངས་ལ་རྗེས་འདེད་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།

སི་ཝ་སྨི་ན་ཐན་གྱིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱུགས་ཆེ་བའི་དྭངས་ཁྲག་ནད་རིགས་ཞིབ་འཇུག་ལ་རྗེས་འདེད་བྱེད་བཞིན་ཡོད་ལ། སྡོམ་རྩིས་གསར་བ་ལྟར་ན་ཁྱོན་སྡོམ་ལྔ་བརྒྱ་ཡོད་ཅིང་། དེ་དག་མཉམ་དུ་བཞག་ནས་བལྟས་ན། འཛམ་གླིང་ཡོངས་ཀྱི་མི་འབོར་བརྒྱ་ཆའི་བཅུ་ཙམ་ལ་པྲོག་གསར་རིམས་འགོག་གི་འགོག་གཟུགས་ཡོད་ཟེར།

སི་ཝ་སྨི་ན་ཐན་གྱིས་ནན་གྱིས་བསྟན་དོན། རིམས་འགོག་སྨན་ཁབ་རྒྱག་པ་ནི་འཛམ་གླིང་ཡོངས་སུ་་རིམས་འགོག་མ་ལག་ཆགས་པའི་ཐབས་ལམ་ཉག་གཅིག་རེད་ཟེར།

མི་ཕམ་མགོན་པོས་བསྒྱུར།