སོ་མ་ལིའི་རྒྱལ་སར་མེ་སྒྱོགས་ཀྱིས་འཇབ་རྒོལ་ཐེབས་ཏེ་མི་བཞི་རྐྱེན་ལམ་དུ་ཤོར།
2021.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སོ་མ་ལིའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་རྒྱལ་ས་མོ་ཇ་ཏེ་ཧྲ་རུ་ཉིན་དེར་མེ་སྒྱོགས་ཀྱིས་འཇབ་སྒོལ་ཐེབས་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་ཕོག

སོ་མ་ལིའི་དམག་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐལ་སྤྱོད་རྩ་འཛུགས་སོ་མ་ལིའི་ན་གཞོན་ཏང་གིས་ཉིན་དེར་ཕངས་པའི་མེ་སྒྱོགས་དེ་མོ་ཇ་ཏེ་ཧྲ་ཙུང་ཐུང་བཞུགས་ཤག་ཉེ་འགྲམ་གྱི་པུན་ཏེ་ལེའེ་ས་ཁུལ་དང་ཝ་ཨར་ཐ་ནཱ་པ་ཏ་ས་ཁུལ་དུ་ཐེབས་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་ཕོག

སོ་མ་ལིའི་ན་གཞོན་ཏང་གིས་ཐེངས་འདིའི་འཇབ་རྒོལ་བྱེད་ཡུལ་ཙུང་ཐུང་བཞུགས་ཤག་ཡིན་པར་བཤད།

                                                                                                                 མི་ཕམ་མགོན་པོས་བསྒྱུར།