ཨ་མེ་རི་ཁའི་ཐོག་ཁང་བརྡིབས་པའི་དོན་རྐྱེན་ཁྲོད་མི་གྱ་དྲུག་རྐྱེན་ལམ་དུ་ཤོར།
2021.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨ་མེ་རི་ཁའི་ཧྥའོ་ལའོ་ལིས་ཏཱ་མངའ་སྡེའི་ཆར་གཏོགས་པའི་མའེ་ཨ་མུས་ཏའེ་ཏི་རྫོང་གི་གཞུང་ཕྱོགས་གཞི་གྲངས་ལས་མངོན་པ་ལྟར་ན། ས་དེའི་ཚེས་བཅུ་ཉིན་གྱི་སྔ་དྲོའི་བར། རྫོང་དེའི་སི་ཧྥུའུ་སའེ་ཏི་གྲོང་རྡལ་གྱི་སྡོད་ཁང་ཁ་ཤས་བརྡིབས་པའི་དོན་རྐྱེན་ཁྲོད་ཚེ་ལས་འདས་པའི་མི་གྲངས་གྱ་དྲུག་ལ་འཕར་ཡོད་ཅིང་། མི་ཞེ་གསུམ་གར་སོང་ཆ་མེད་དུ་གྱུར།

མའེ་ཨ་མུས་ཏའེ་ཏི་རྫོང་གི་རྫོང་དཔོན་ཏན་ཉིས་ལཱ་ཁ་ཝ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྡོད་ཁང་བརྡིབས་པའི་དོན་རྐྱེན་ཁྲོད་མི་གྱ་དྲུག་བསད་པ་དང་དེའི་ཁྲོད་ཀྱི་མི་རེ་གཉིས་ཀྱི་ཐོབ་ཐང་གསལ་བོ་བྱས་ཡོད་ལ། མི་ཞེ་གསུམ་གར་སོང་ཆ་མེད་རེད་ཟེར། ཁ་ཝ་ཡིས་མུ་མཐུད་དེ་བཤད་རྒྱུར། གྲོང་ཁྱེར་སྲིད་གཞུང་ཅུའུ་དང་ཨ་མེ་རི་ཁའི་སྦྲགས་སྲིད་དོ་དམ་ཅུའུ་ཡིས་མཉམ་འབྲེལ་བྱས་ཏེ་འདས་པོ་རྣམས་ཀྱི་ཐོབ་ཐང་གསལ་བོ་བཟོས་ཡོད་ལ། འདས་པོ་རྣམས་ཀྱི་རླངས་འཁོར་སྐོར་ཆོག་པའི་དཔང་ཡིག་སོགས་ཀྱི་ཆ་འཕྲིན་ལ་བརྟེན་ནས་བདེན་མི་རྩད་ཞིབ་བྱས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།