ཏའེ་པིན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྔ་མོ་ནས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པའི་ཚུལ་བསྟན།
2021.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུད་ནད་སྡོད་པའི་འཐུས་ཚབ་ཚོགས་པའི་ལས་སྐབས་ལས་ཚབ་པ་ཏའེ་པིན་གྱིས་ཚེས་ཉེར་དགུ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་རྒྱལ་ཁབ་ཀྱི་བཀག་སྡོམ་དབང་སྤྲོད་དུས་འགྱངས་བྱེད་པའི་གྲོས་ཆོད་ལ་བརྡས་ཐག་བཅད་རྗེས་ཀྱི་གཏམ་བཤད་ཁྲོད་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནས་བབ་ཀྱི་འགྱུར་ལྡོག་ལ་དམིགས་ནས་སྔ་མོ་ནས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པ་བསྐྱར་སྒྲོག་བྱེད་འདོད་ཟེར།

ཏའེ་པིན་གྱིས་བསྟན་དོན།   ན་ནིང་གི་ལོ་མཇུག་གི་ཚུན་ལ།  ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་འདེམས་བསྐོ་ཆེན་མོའི་འཕེལ་རིམ་བདེ་བླག་ངང་ཡོངས་གྲུབ་བྱས་ཏེ་རྒྱལ་ནང་བདེ་འཇགས་གནས་བབ་རྒྱུན་མཐུད་ཇེ་བཟང་དུ་འགྲོ་བཞིན་ཡོད།   གནས་ཚུལ་དེ་ལྟ་བུའི་འོག་ཏུ།  བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་དེ་གནས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པོ་མིན་པ་དང་།  བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པའི་ཐོག་མའི་ཀུན་སློང་ནི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་གཏན་འཇགས་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སླར་གསོ་བྱེད་པར་རོགས་བྱེད་རྒྱུ་དེ་ཡིན་ཡང་།   དོན་དངོས་ཐོག་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་རང་སྟེང་གི་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་པའི་བཀག་རྒྱ་རུ་འགྱུར་བཞིན་ཡོད།     མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་བྱེད་ཐབས་མེད་པར་བཟོ་བའི་གནད་དོན་དེ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་།   ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཀྱི་འདོད་བློ་ཡིན་པར་མ་ཟད།   ས་ཁུལ་རྒྱལ་ཁབ་ཀྱི་ཐུན་མོང་གི་སེམས་འདུན་ཡིན་ཟེར།

                                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།