རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་དྲུག་པ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རོ་མཱ་མཐོ་རིམ་གྲོས་ཚོགས་ཀྱི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། 
2021.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་དབྱི་ཐཱ་ལིའི་རྒྱལ་ས་རོ་མཱ་ནས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་སྤེལ་བ་དང་། མཐོ་རིམ་གྲོས་ཚོགས་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རོ་མཱ་མཐོ་རིམ་གྲོས་ཚོགས་ཀྱི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། 

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་རོ་མ་ནས་གྲོས་ཚོགས་བསྡུས་ཏེ། མིག་སྔར་ཆེས་དགོས་གལ་ཆེ་བའི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། འདྲིལ་ཤུགས་མཉམ་བསྡུས་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཁྲོད་སླར་གསོ་བྱེད་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཀྱིས་ལྷད་མེད་མངོན་འགྱུར་བྱེད་པ་དང་སྔར་ལས་འདྲ་མཉམ་གྱི་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས། ང་ཚོས་སྨན་བཅོས་མི་སྣ་དང་། ལས་ཡུལ་དང་པོའི་ལས་བྱེད་མི་སྣ། རྒྱལ་སྤྱིའི་རྩ་འཛུགས་དང་ཚན་རིག་ལས་རིགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱས་པར་སྙིང་ཁོང་ནས་བཀའ་དྲིན་ཞུས། 

ང་ཚོས་ཕྱོགས་མང་རིང་ལུགས་ཀྱི་ཐུན་མོང་གི་ནུས་ལྡན་གྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པའི་གནད་འགག་ནུས་པ་ནན་བཤད་བྱས་པ་དང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་དང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་། ཁྱད་པར་དུ་ཆེས་ཉམ་ཞན་ཚོགས་ཁག་གི་དགོས་མཁོར་དོ་སྣང་བྱེད་དགོས། ང་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཆེས་དགོས་མཁོ་ཡོད་པའི་རྒྱལ་ཁབ་རྒྱབ་ལ་རྒྱབ་སྐྱོར་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ནས་ཐུན་མོང་གི་རེ་འདུན་འགོད་པ་དང་། ཕོ་མོའི་འདྲ་མཉམ་མངོན་འགྱུར་བྱེད་པར་བྱེད་ཐབས་གལ་ཆེན་སྤྱོད་རྒྱུ་མ་ཟད། མཉམ་དུ་འབད་བརྩོན་བྱས་ནས་གྲངས་ལྡན་ཅན་གྱི་ཁེ་ཕན་རྒྱ་ཆེར་མཉམ་སྤྱོད་བྱེད་དགགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།