ཨེ་ཅིབ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར། 
2021.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་དང་ལྷོ་ཕྱོགས་ཀྱི་ཨེ་སི་ཡུག་ཐི་ཞིང་ཆེན་གཅིག་ཏུ་སྦྲེལ་བའི་བྱེ་མའི་གཞུང་ལམ་སྟེང་ཚེས་བཅུ་དགུའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར། 

ཨེ་ཅིབ་དཔོན་ཕྱོགས་ཀྱི་གཏོར་གཟུགས་མཆོད་རྟེན་གྱི་སྐུད་ཐོག་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། རླངས་འཁོར་ཆུང་བ་ཞིག་ཁ་གཏད་ནས་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་གཡོལ་ཆེད་རླངས་འཁོར་མང་བོར་ཐོ་བརྒྱབ་པ་དང་། ཡུལ་དངོས་སུ་འགས་གཏོར་བྱུང་ནས་མེ་སྐྱོན་བྱུང་། མིག་སྔར་མེ་བསད་ཡོད་པ་དང་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར། 

ལམ་མི་བདེ་བ་དང་ཁ་ལོ་བར་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་འདུ་ཤེས་ཞན་པ་སོགས་རྒྱུ་རྐྱེན་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། འགྲིམ་འགྲུལ་དོན་རྐྱེན་ཇེ་ཉུང་དུ་གཏོང་ཆེད། ཉེ་བའི་ལོ་འགའི་རིང་ལ་ཨེ་ཅིབ་སྲིད་གཞུང་གིས་རྒྱུན་དུ་གཞུང་ལམ་དྲ་བ་རིམ་འཕར་བྱས་ཏེ། གཞུང་ལམ་དང་ཟམ་པ་མང་བོ་གསར་དུ་ལས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།