མོ་ཞི་ཁོ་དབུས་ཕྱོགས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།
2021.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

མོ་ཞི་ཁོ་དབུས་ཕྱོགས་ཀྱི་མོ་ཞི་ཁོ་མངའ་སྡེ་རུ་ཚེས་ཉེར་དྲུག་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུར་རྨས་ཕོག

མོ་ཞི་ཁོ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ལི་ཁཱ་ཏོ་ཏི་ལཱ་ཁུ་ལུའུ་སི་ཡིས་བཤད་རྒྱུར། ཉིན་དེའི་སྔ་དྲོར། མི་གང་བསྡད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་མངའ་སྡེ་དེའི་ཧུའོ་ཆི་ཞིན་ཀུའི་འཚམས་སུ་འགྲོ་སྐབས་འཁོར་དགག་གིས་ཚོད་འཛིན་བྱེད་མ་ཐུབ་པར་ལམ་འགྲམ་གྱི་མང་ཚོགས་ཀྱི་སྡོད་ཁུལ་དང་ཐོ་བརྒྱབ་ནས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུར་རྨས་ཕོག

བསྒྲགས་པ་ལྟར་ན། རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱེལ་ནས་སྨན་བཅོས་མྱུར་སྐྱོར་བྱེད་བཞིན་ཡོད།

མི་ཕམ་མགོན་པོས་བསྒྱུར།