འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དགུ་འབུམ་ལྔ་སྟོང་གཉིས་སོ་གཅིག་ཡོད་པ་བསྒྲགས།
2021.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གཞི་གྲངས་གསར་ཤོས་ལྟར་ན། འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དགུ་འབུམ་ལྔ་སྟོང་གཉིས་སོ་གཅིག་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་ཤོས་ལྟར་ན། ཡོ་རོབ་དབུས་ཁུལ་གྱི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ཉེར་གཅིག་བར་དུ། འཛམ་གླིང་ཡོངས་སུ་ཉིན་སྔོན་མ་ལས་ནད་པ་འབུམ་དྲུག་དང་ཁྲི་གཅིག་སྟོང་གཅིག་ལྔ་བརྒྱ་ཉེར་བརྒྱད་གསར་དུ་འཕར་སྣོན་བྱུང་ནས། ཁྱོན་བསྡོམས་ནད་པ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དགུ་འབུམ་ལྔ་སྟོང་གཉིས་སོ་གཅིག་ལ་སླེབས་པ་དང་། ཉིན་དེར་ནད་པ་སྟོང་བདུན་དང་བརྒྱད་བརྒྱ་གྱ་གཅིག་རིམས་ནད་ཁྲོད་ཚེ་ལས་འདས་པས། ད་སྔའི་བར་དུ་འཛམ་གླིང་ཡོངས་ནས་ཁྱོན་བསྡོམས་ནད་པ་ས་ཡ་ལྔ་དང་འབུམ་གཅིག་ཁྲི་བརྒྱད་སྟོང་གསུམ་བརྒྱ་མེད་གསུམ་རིམས་ནད་ཁྲོད་ཚེ་ལས་འདས།

བན་དེ་སྐྱབས་ཀྱིས་བསྒྱུར།