སོ་མཱ་ལེའི་སྲིད་གཞུང་གི་མགྲིན་ཚབ་པར་འཇབ་རྒོལ་ཁྲོད་དུ་རྨས་ཕོག
2022.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་དང་པོའི་ཚེས16ཉིན། མི་རྣམས་ཀྱིས་སོ་མཱ་ལེའི་རྒྱལ་ས་མོ་ཀ་ཏེ་ཧྲ་རི་འགས་གཏོར་འཇབ་རྒོལ་བྱུང་ས་རུ་བྱ་བ་སྒྲུབ་བཞིན་པ།

སོ་མཱ་ལེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བདེན་དཔང་བྱས་པ་ལྟར་ན། ཉིན་དེའི་ཉིན་གུང་རྒྱལ་ས་མོ་ཀ་ཏེ་ཧྲ་རུ་རང་སྲོག་བཅད་དེ་འགས་གཏོར་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་བ་དང་། སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧན་མོ་ཏི་དབྱི་པུའུ་ལ་ཞིན་མུའུ་ཨ་ལེ་མུའུ་ལ་དོན་རྐྱེན་དེའི་ཁྲོད་རྨས་ཕོག་ཟེར།

སོ་མཱ་ལེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་པུའུ་ཏིས་ཧྥེ་ཐ་ཡཱ་ཏེན་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་མོ་ཀ་ཏེ་ཧྲའི་རྒྱ་ལམ་བཞི་མདོ་ཞིག་ཏུ་བྱུང་། སྐབས་དེར་འཇབ་རྒོལ་བ་ཞིག་མུའུ་ཨ་ལེ་མུའུ་བསྡད་ཡོད་པའི་རླངས་འཁོར་གྱི་སྟེང་དུ་མཆོངས་ཏེ་ལུས་སྟེང་གི་འགད་རྫས་འགས་གཏོར་གཏོང་རྩིས་བྱས་མོད། སྟབས་ལེགས་པ་ཞིག་ལ་མུའུ་ཨ་ལེ་མུའུ་རླངས་འཁོར་ལས་ཕྱིར་བྲོས་ནས་ཐར་བས། རྨས་ཡང་མོ་ཞིག་ལས་ཕོག་མེད་པ་དང་། མིག་སྔར་སྨན་བཅོས་བྱེད་པར་བསྐྱལ་ཡོད། འཇབ་རྒོལ་བ་དེ་གནས་དེ་ནས་རྐྱེན་ལམ་དུ་ཤོར། འཇབ་རྒོལ་ཐེབས་པའི་རླངས་འཁོར་ལ་གཏོར་བརླགས་ཐེབས་པ་ཚབས་ཆེ་བ་དང་། ཉེ་འགྲམ་གྱི་ཁང་པ་ཁ་ཤས་ལ་ཡང་ཚད་མི་འདྲ་བའི་གཏོར་བརླགས་ཐེབས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་མུའུ་ཨ་ལེ་མུའུ་ལ་འཇབ་རྒོལ་ཐེབས་ཐེངས་གསུམ་པ་ཡིན་པ་དང་། ཐེངས་སྔོན་མ་གསུམ་པོར་བྲོས་ནས་བདེ་བླག་ངང་ཐར། ཐེངས་འདིའི་འཇབ་རྒོལ་གྱི་སྔོན་ལ། མུའུ་ཨ་ལེ་མུའུ་ཡིས་སོ་མཱ་ལེའི་གྲོས་ཁང་གི་གོ་གནས་བརྩོན་ལེན་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སོ་མཱ་ལེའི་ཙུང་ལི་མུའུ་ཧན་མོ་ཏི་ལོ་པུའུ་ལའེ་ཡིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།

སོ་མཱ་ལེའི་ན་གཞོན་ཏང་གིས་འགས་གཏོར་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས། སོ་མཱ་ལེའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཡིན་ལ། ཉེ་བའི་ལོ་འགའི་རིང་སོ་མཱ་ལེ་དང་དེའི་ཁྱིམ་མཛེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་སྤེལ་མྱོང་།

ཟླ་དང་པོའི་ཚེས16ཉིན། མི་རྣམས་ཀྱིས་སོ་མཱ་ལེའི་རྒྱལ་ས་མོ་ཀ་ཏེ་ཧྲ་རི་འགས་གཏོར་འཇབ་རྒོལ་བྱུང་ས་རུ་བྱ་བ་སྒྲུབ་བཞིན་པ།

ཟླ་དང་པོའི་ཚེས16ཉིན། མི་རྣམས་ཀྱིས་སོ་མཱ་ལེའི་རྒྱལ་ས་མོ་ཀ་ཏེ་ཧྲ་རི་འགས་གཏོར་འཇབ་རྒོལ་བྱུང་ས་རུ་བྱ་བ་སྒྲུབ་བཞིན་པ།