ཨ་མེ་རི་ཁ་དང་རྒྱ་གར་གྱིས་གྲོས་མོལ་སྤེལ་ནས་ཁྱབ་ཁོངས་མང་བོའི་ཕྱོགས་གཉིས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་། 
2022.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 133

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིང་དང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཞིན་ཀི་བཅས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། 

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིང་དང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཞིན་ཀི་བཅས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། 

ཨ་མེ་རི་ཁ་དང་རྒྱ་གར་གྱིས་ཚེས་བཅུ་གཅིག་ཉིན་ཝ་ཧྲིན་ཐོན་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་ཞུགས་པའི་གྲོས་མོལ་ཚོགས་འདུ་སྤེལ་ཏེ། ཁྱབ་ཁོངས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཁས་ལེན་བྱས་པར་མ་ཟད། ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ད་རུང་བརྙན་རིས་གྲོས་མོལ་བྱས། 

ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་དང་མའོ་ཏིས་ཀྱིས་ཨ་མེ་རི་ཁ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དག་གཙང་ནུས་ཁུངས་དང་ཚན་རྩལ། དམག་དོན་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་ཀྱི་མི་གཞུང་བརྗེ་རེས་རྒྱ་བསྐྱེད་རྒྱུ་ཁས་ལེན་བྱས། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་གཉིས་དང་ཕྱོགས་མང་བོའི་མཉམ་ལས་ལ་བརྟེན་ནས་པྲོག་གསར་གློ་ཚད་རིམས་ནད་མཇུག་སྒྲིལ་བ་དང་། འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་ཤུགས་སྣོན་པ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་སྐུལ་འདེད་གཏོང་བ། རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་དབང་དང་སྒོ་འབྱེད་ལ་འགན་སྲུང་བྱེད་པ་བཅས་ཀྱིས་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་ཁྱབ་ཁོངས་མང་བོར་གཏན་འཇགས་མིན་པའི་སྣང་ཚུལ་བཟོས་ཡོད་པ་དང་། ཁྱད་པར་དུ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་མཁོ་འདོན་ལ་རྙོག་དྲ་བཟོས་ཡོད་པར་འདོད། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ནས། གྲོས་མོལ་གྱི་མཇུག་འབྲས་མཚམས་སྦྱོར་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་དང་ཚན་རིག་ལག་རྩལ། ཉོ་ཚོང་། ནམ་ཟླའི་འགྱུར་ལྡོག སྤྱི་བའི་འཕྲོད་བསྟེན། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ནས་གཏིང་ཟབ་པའི་མཉམ་ལས་གསར་བ་སྤེལ་རྒྱུ་ཡིན་ཟེར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐད་ནས་རྒྱལ་ཁབ་གཉིས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་ཀྱི་ཐད་ནས་གྲོས་མོལ་དང་འབྲེལ་འདྲིས་ཟབ་མོ་བྱེད་དགོས་པར་མ་ཟད། པུའུ་ཆཱ་དོན་རྐྱེན་ལ་སྒེར་ཚུགས་ཀྱིས་རྟོག་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་བར་སྣང་དང་དྲ་རྒྱའི་བར་སྟོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བརྩོན་པ་དང་། འབྲེལ་ཡོད་ཀྱི་མཉམ་ལས་དང་གྲོས་མོལ་རྐྱེན་སྲོལ་བཙུགས་ཡོད་ཟེར། 

ཨ་མེ་རི་ཁ་དང་རྒྱ་གར་གྱི་གྲོས་མོལ་རྐྱེན་སྲོལ་དེ་ནི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་དང་མའོ་ཏིས་གཉིས་ཀྱིས་བཏོན་པ་ཡིན་ཞིང་། གྲོས་མོལ་ཐོག་མ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་སྤེལ་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།