བྷང་ག་ལཱ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་རྒྱལ་ཁབ་མི་འདྲ་བའི་འགྲོ་མིའི་ཐོབ་ཐང་སྙན་ཞུ་ལ་སྐྱོན་བརྗོད་བྱས། 
2022.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་སྤེལ་བའི་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཁབ་མི་འདྲ་བའི་འགྲོ་མིའི་ཐོབ་ཐང་སྙན་ཞུ་ལས་བྷང་ག་ལཱའི་འགྲོ་མིའི་ཐོབ་ཐང་གནས་ཚུལ་ལ་སྐྱོན་འཛུགས་བྱས་ཡོད་པར་དམིགས་ནས། བྷང་ག་ལཱའི་ཕྱི་འབྲེལ་པུའུ་ཡི་རྒྱལ་སྲིད་པུའུ་ཀྲང་ཨ་ལཱ་མུའུ་ཡིས་ཚེས་བཅུ་བདུན་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་མེ་རི་ཁའི་སྙན་ཞུ་དེར་རྩ་བའི་རང་བཞིན་གྱི་ཞན་ཆ་ལྡན་པ་དང་། བྷང་ག་ལཱའི་སྲིད་གཞུང་གིས་ཉེ་ལམ་ཨ་མེ་རི་ཁས་འགྲེལ་བཤད་བྱེད་པའི་རེ་བ་འདོན་རྒྱུ་ཡིན། བྷང་ག་ལཱའི་ནང་སྲིད་ལས་དོན་ལ་དོ་དམ་བྱེད་པ་ནི་བྷང་ག་ལཱའི་སྲིད་གཞུང་གི་འགན་འཁྲི་ཡིན་པས། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱེད་དགོས་མེད་ཟེར། 

བྷང་ག་ལཱའི་ཕྱི་འབྲེལ་པུའུ་ཡིས་ཉེ་སྔོན་འབྲེལ་ཡོད་ཀྱི་གསལ་སྒྲོག་ཅིག་ལས་བསྟན་དོན། སྙན་ཞུ་དེས་བསམ་བཞིན་དུ་བྷང་ག་ལཱ་ནས་བཅའ་ཁྲིམས་མེད་པའི་སྤྱི་ཚོགས་ཤིག་རྟོག་བཟོ་བྱས་ནས་སྤྱི་ཚོགས་དང་སྲིད་གཞུང་གི་གཏན་འཇགས་ལ་གཏོར་བརླག་བཏང་བ་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།