དབྱི་ལིང་ཙུང་ཐུང་གིས་ཨ་མན་དུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་བོ་བཀོད། 
2022.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ་ཡིས་ཚེས་ཉེར་གསུམ་ཉིན་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱིས་བཟོད་སྒོམ་བརྗེད་ཐོ་དང་མཉམ་ལས་ལས་གཞིའི་ཡིག་ཆ་བཅུ་གཉིས་བཀོད། 

ཨ་མན་གསར་འགྱུར་པུའུ་ཡིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ཧེ་སེ་མུའུ་དང་ལའེ་ཞེ་ཡིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གིས་ཀྱིས་ཐུན་མོང་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་བྱས། རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་བཟོད་སྒོམ་བརྗེད་ཐོ་དང་མཉམ་ལས་ལས་གཞི་བཅུ་གཉིས་བཀོད་པ་དང་། དེ་དག་ནུས་ཁུངས་དང་ཚན་རྩལ། སློབ་གསོ། གསར་འགྱུར། ཕྱི་འབྲེལ། འགྲིམ་འགྲུལ། འཕྲིན་གཏོང་། ཞིང་ཕྱུགས་ཉ་གསོ་ལས་རིགས་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་ཟེར། 

ལའེ་ཞེ་ཚེས་ཉེར་གསུམ་ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་རུ་འབྱོར་ནས་ཨ་མན་ལ་དུས་ཡུན་ཉིན་གཅིག་གི་དངོས་གཞིའི་འཚམས་འདྲི་བྱས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།