ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་སུ་འཕུར་མདའ་གཏོང་འཕེན་བྱས་ཡོད་པའི་ཚུལ་བསྟན། 
2022.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིན་དེར་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་སུ་ཐུང་འཕེན་འཕུར་མདའ་གཉིས་གཏོང་འཕེན་བྱས་ཡོད་ཟེར། 

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་པ་ལྟར་ན། འཕུར་མདའ་དེ་ནི་ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་ཡས་མས་སུ་ཁྲའོ་ཞན་ཕེན་རང་ཧྲོན་ཨན་ས་ཁུལ་ནས་གཏོང་འཕེན་བྱས་པ་ཡིན་ལ། ཧན་གོའི་དམག་ཕྱོགས་ཀྱིས་ལྟ་རྟོག་དང་དོགས་ཟོན་ལ་ཤུགས་སྣོན་བྱེད་ངེས་ཡིན་ཟེར། 

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིན་དེར་ཕེན་ཨན་བྱང་ལམ་ས་ཁུལ་ནས་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་སུ་ཐུང་འཕེན་འཕུར་མདའ་ཞིག་གཏོང་འཕེན་བྱས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།