ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་ངོས་ཀྱི་སཱ་མན་ཀན་ཞིང་ཆེན་གྱི་ཆོས་ལུགས་སློབ་གྲྭ་ཞིག་ནས་ཉིན་དེར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཉིས་ལ་རྨས་ཕོག་ཡོད་ཟེར།
སཱ་མན་ཀན་ཞིང་ཆེན་གྱི་དཔོན་པོ་ཞིག་གིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་སཱ་མན་ཀན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨེ་པཱ་ཁི་ཡི་ཆོས་ལུགས་སློབ་གྲྭ་ཞིག་ཏུ་བྱུང་བ་རེད་ཟེར།
གཞན་ཡང་ཨ་ཧྥུའུ་ཧན་གྱི་སྐྱ་རེངས་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཆོས་ལུགས་སློབ་གྲྭ་དེར་བྱུང་བའི་འགས་གཏོར་དོན་རྐྱེན་ལས་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བདུན་ལ་རྨས་ཕོག་ཡོད་ཟེར།
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་འགས་གཏོར་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།