འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་དགུ་འབུམ་ལྔ་ཁྲི་བདུན་སྟོང་གཉིས་བརྒྱད་བརྒྱ་བཅུ་དགུར་སླེབས་ཡོད།
2022.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་དགུ་འབུམ་ལྔ་ཁྲི་བདུན་སྟོང་གཉིས་བརྒྱད་བརྒྱ་བཅུ་དགུར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།     ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སོ་བཞིའི་བར།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བདུན་སྟོང་གཅིག་བདུན་བརྒྱ་དང་གཉིས་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་དགུ་འབུམ་ལྔ་ཁྲི་བདུན་སྟོང་གཉིས་བརྒྱད་བརྒྱ་བཅུ་དགུར་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་ལྔ་བརྒྱ་དང་རེ་གཉིས་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་དྲུག་ཁྲི་གཅིག་སྟོང་ལྔ་ཉིས་བརྒྱ་ང་བརྒྱད་ལ་སླེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།