ནེའུ་ཙེ་ལན་སྲིད་གཞུང་གིས་ཚེས་བཞི་ཉིན་བསྐྱར་སྒྲོག་བྱས་དོན། རྒྱལ་སྤྱིའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་བ་ལྟར། སྤྱི་བའི་འཕྲོད་བསྟེན་གྱི་ཉེན་ཁར་དཔྱད་འཇོག་བྱས་པ་བརྒྱུད། ནེའུ་ཙེ་ལན་གྱི་རྒྱལ་སྤྱིའི་གནས་སྐོར་བའི་རིམས་འགོག་རེ་བ་སྲུང་འཛིན་བྱས་ཡོད་ཟེར།
ནེའུ་ཙེ་ལན་གྱི་པྲོག་གསར་གློ་ཚད་རིམས་ནད་ཐག་གཅོད་བྱེད་པའི་ལས་དོན་པུའུ་ཀྲང་ཝེ་ལོ་ཨར་གྱིས་ཉིན་དེར་གསལ་སྒྲོག་ཅིག་ལས་བསྟན་དོན། ནེའུ་ཙེ་ལན་སྲིད་གཞུང་གིས་སྤྱི་བའི་འཕྲོད་བསྟེན་གྱི་ཉེན་ཁར་དཔྱད་འཇོག་བྱས་རྗེས། ཀྲུང་གོ་ནས་ལམ་དུ་ཆས་པའི་གནས་སྐོར་བས་ནེའུ་ཙེ་ལན་གྱི་པྲོག་གསར་གློ་ཚད་རིམས་ནད་ལ་ཤུགས་རྐྱེན་མངོན་གསལ་འབྱུང་མི་སྲིད། དེ་ལས་རང་གི་རྒྱལ་ཁོངས་སུ་འགྲོ་འོང་བྱེད་པར་ཚོད་འཛིན་བྱེད་པ་དེ་ལུགས་མཐུན་མིན་ལ་དགོས་གལ་ཡང་མེད་ཟེར།
ཁོ་མོས་ད་རུང་བསྟན་དོན། མ་འོངས་པའི་གཟའ་འཁོར་འགའི་ནང་། ནེའུ་ཙེ་ལེན་གྱི་འཕྲོད་བསྟེན་པུའུ་ཡིས་ཀྲུང་གོ་ནས་ནེའུ་ཙེ་ལན་དུ་འབྱོར་བའི་གནས་སྐོར་བར་ཡང་བསྐྱར་འཚམས་འདྲི་བྱས་ཏེ། དུས་ལྟར་རྒྱུས་ལོན་དང་སྔར་ལས་ལྷག་པའི་བདེ་ཐང་གནས་ཚུལ་གསར་བ་འཚོལ་སྡུད་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།