ཝུ་ཀན་ཏཱའི་བྱང་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར། 
2023.01.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཝུ་ཀན་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་དུ་ཉིན་དེའི་ཞོགས་པར་སྤྱི་སྤྱོད་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དོན་རྐྱེན་དེ་ཉོ་ཚོང་ལྟེ་གནས་ཤིག་ཏུ་བྱུང་བ་དང་། སྐབས་ཐོག་དེར་རྒྱལ་ས་ཁན་ཕཱ་ལཱ་ནས་ཀུའུ་ལུའུ་རུ་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་དངོས་ཟོང་བསྡུ་བཞིན་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད། འགྲིམ་འགྲུལ་ཉེན་རྟོག་པར་ཉེན་བརྡ་འབྱོར་རྗེས་མྱུར་མོར་ཡུལ་དངོས་སུ་སོང་བ་དང་། དོན་རྐྱེན་དེ་ལས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་སྨན་ཁང་དུ་བསྐྱལ་རྗེས་ཚེ་ལས་འདས་པ་རེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། དོན་རྐྱེན་དེའི་འབྱུང་རྐྱེན་ད་རུང་གསལ་བོར་གཏན་འཁེལ་བྱས་མེད་ཀྱང་། ཐོག་མའི་རྟོག་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་སྐབས་དེར་ཉེན་བརྡའི་བྱང་བུ་མེད་པའི་གནས་ཚུལ་འོག་རླངས་འཁོར་ལམ་དུ་བསྡད་པ་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།