འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་དམིགས་ཚད་བསྟུད་མར་ཟླ་ངོ་དགུར་ཇེ་དམའ་རུ་སོང་། 
2023.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་སྤེལ་གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པར་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་དམིགས་ཚད་བརྒྱ་དང་སོ་གཉིས་ལྷག་ཡིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་ཇེ་དམའ་རུ་སོང་ཡོད་ལ། བསྟུད་མར་ཟླ་ངོ་དགུར་ཇེ་དམའ་རུ་སོང་། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་བསྟན་དོན། ཟླ་བཅུ་གཉིས་པའི་དམིགས་ཚད་ཇེ་དམའ་རུ་སོང་བའི་རྒྱུ་རྐྱེན་ནི་སྐྱེ་དངོས་ཀྱི་སྣུམ་དང་ལོ་ཏོག ཤ་རིགས་བཅས་ཀྱི་རྒྱལ་སྤྱིའི་རིན་གོང་ཇེ་དམའ་རུ་སོང་བས་རེད། ཡིན་ཡང་ཉིས་སྟོང་ཉེར་གཉིས་ལོ་ཧྲིལ་བོའི་ཟས་རིགས་རིན་གོང་གི་དམིགས་ཚད་སྔར་ལོ་ནས་བརྒྱ་ཆའི་བཅུ་བཞི་ལྷག་འཕར་ཡོད་ལ། འབྲེལ་ཡོད་ཟིན་ཐོ་བྱུང་བའི་ཚུན་གྱི་ཆེས་མཐོའི་ཚད་དུ་བསླེབས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།