སེ་ནེ་ཀལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སེ་ནེ་ཀལ་དབུས་ཕྱོགས་ཀྱི་ཁཱ་ཧྥུའུ་ལིན་ས་ཁུལ་དུ་ཚེས་བརྒྱད་ཉིན་གྱི་ཞོགས་པར་སྤྱི་སྤྱོད་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ཅུ་ལྷག་ལ་རྨས་ཕོག་ཟེར།
བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཁཱ་ཧྥུའུ་ལིན་ས་ཁུལ་གྱི་རྒྱལ་ལམ་དང་པོའི་སྟེང་བགྲོད་བཞིན་པའི་སྤྱི་སྤྱོད་རླངས་འཁོར་ཞིག་གི་རྐྱ་བ་གད་ནས། ཁ་གཏད་ཀྱི་སྤྱི་སྤྱོད་རླངས་འཁོར་གཞན་པ་ཞིག་ཐོ་བརྒྱབ་པ་དང་། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་རེད།
སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། པུའུ་ཀྲང་གྲོས་ཚོགས་བསྡུས་ཏེ་གཞུང་ལམ་དང་སྤྱི་སྤྱོད་འགྲུལ་སྐྱེལ་གྱི་བདེ་འཇགས་ལ་ཤུགས་སྣོན་པའི་འབྲེལ་ཡོད་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།