ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ལས་འཛིན་པ་མཱ་ཨར་ཏིས་ནེ་ཡིས་ཟླ་དང་པོའི་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་སྡོད་དམངས་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ཙམ་སྟེ་ཨ་ཧྥེ་རི་ཁ་གླིང་སྐམ་སའི་སྤྱིའི་མི་གྲངས་ཀྱི་བཞི་ཆའི་གཅིག་འབྲུ་རིགས་དཀོན་པའི་གནད་དོན་ལ་འཕྲད་སྲིད་ཟེར།
མཱ་ཨར་ཏིས་ནེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱི་ཡུན་ཚད་ཇི་ལྟར་རིང་ན། ལྡོག་ཕྱོགས་ཀྱི་མཇུག་འབྲས་ཀྱིས་འཛམ་གླིང་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་དེ་བས་ཆེ་བ་ཡིན། དེའི་ནང་ནུས་ཁུངས་དང་ཟས་རིགས་རིན་གོང་མྱུར་མོར་ཇེ་མཐོར་སོང་བ་དང་། དངུལ་ལོར་ཚད་བརྒལ་འགྲེམ་པའི་ཚད་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབས་པ་སོགས་འདུས་ཟེར།
ཁོས་ད་རུང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་མཁོ་འདོན་གྱི་མུ་འབྲེལ་ཆད་པ་དང་བསྟུན་ནས་གནས་ཚུལ་དེ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པ་ཁོ་ཐག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།