ནེ་པཱ་ལཱའི་ཙུང་ལི་གསར་བ་ཕུའུ་ལཱ་ཁྲང་ཏཱ་ཡིས་ཚེས་བཅུ་ཉིན་གྱི་དགོང་མོར་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས་གཟའ་འཁོར་གཉིས་ཀྱི་རྗེས་སུ་ནེ་པཱ་ལཱ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཐོབ་པ་རེད།
ཉིན་དེར་དམངས་གྲོས་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱེད་པའི་དགུང་ལོ་ཆེས་མཐོ་བའི་གྲོས་མི་ལཱ་ནཱ་ཡིས་ཁྱབ་བསྒྲགས་བྱས་དོན། ཕུའུ་ལཱ་ཁྲང་ཏཱ་ལ་འདེམ་ཤོག་ཉིས་བརྒྱ་དང་རེ་བརྒྱད་ཀྱི་རྒྱབ་སྐྱོར་ཐོབ་ནས་ཡིད་རྟོན་འདེམ་ཤོག་ཐོབ་པ་རེད་ཟེར།
ནེ་པཱ་ལཱ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་ལ་ལས་གནས་ཉིས་བརྒྱ་དང་དོན་ལྔ་ཡོད་པ་རེད། རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཕུའུ་ལཱ་ཁྲང་ཏཱ་ལ་འདེམ་ཤོག་བརྒྱ་དང་སོ་བརྒྱད་ཀྱི་རྒྱབ་སྐྱོར་ཐོབ་ན་ཡིད་རྟོན་འདེམ་ཤོག་ཐོབ་ཐུབ་པ་རེད།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། ཕུའུ་ལཱ་ཁྲང་ཏཱ་ཡིས་དམ་བཅའ་བཞག་སྟེ་ནེ་པཱ་ལཱའི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བ་རེད།
ནེ་པཱ་ལཱའི་རྩ་ཁྲིམས་ལྟར་ན། ཕུའུ་ལཱ་ཁྲང་ཏཱ་ལ་ལས་འགན་ཁུར་རྗེས་ཀྱི་ཉིན་སུམ་ཅུའི་ནང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཐོབ་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།