འཇར་མན་གྱི་ཙུང་ལི་ཡིས་ཕིས་སི་ཐའོ་ལིའུ་སི་རྒྱལ་སྲུང་བློན་ཆེན་གསར་བར་བསྐོ་འཇོག་བྱས། 
2023.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས་བཅུ་བདུན་ཉིན་སཱ་ཁི་སུན་ཞོལ་མ་མངའ་སྡེའི་ནང་སྲིད་པུའུ་ཀྲང་ཕིས་སི་ཐའོ་ལིའུ་སི་རྒྱལ་སྲུང་བློན་ཆེན་དུ་བསྐོ་འཇོག་བྱས་ཏེ། དེའི་སྔོན་ལས་འགན་བསྐྱུར་བའི་ལན་པུའུ་ལོས་ཞེ་ཐི་ཡི་ཚབ་བྱེད་དུ་བཅུག ཕིས་སི་ཐའོ་ལིའུ་སི་ལ་ཚེས་བཅུ་དགུ་ཉིན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱི་བསྐོ་འཇོག་ཡི་གེ་འབྱོར་སྲིད། 

ཧྲའོ་ཨར་ཚི་ཡིས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ནས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ལོ་རེ་གཉིས་ཡིན་པའི་ཕིས་སི་ཐའོ་ལིའུ་སི་ལ་ལོ་མང་བོའི་རིང་བདེ་འཇགས་སྲིད་ཇུས་ཐད་ཀྱི་ཉམས་མྱོང་ཡོད་པ་དང་། འཇར་མན་གྱི་རྒྱལ་སྲུང་དམག་ཁྲིད་ནས་དཀྱོགས་མཚམས་བརྒལ་ཐུབ་པའི་འོས་འཚམ་གྱི་མི་སྣ་ཞིག་ཡིན་ཟེར། 

ཕིས་སི་ཐའོ་ལིའུ་སི་ཡིས་ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་སཱ་ཁི་སུན་ཞོལ་མ་མངའ་སྡེའི་ནང་སྲིད་པུའུ་ཀྲང་གི་འགན་ཁུར་བ་དང་། དེའི་སྔོན་ཁོས་མངའ་སྡེ་དེའི་ཨོ་སི་ནཱ་པུའུ་ལོས་ཁི་གྲོང་ཁྱེར་དུ་ཧྲི་ཀྲང་གི་འགན་ཁུར་མྱོང་། 

འཇར་མན་སྔོན་ཆད་ཀྱི་རྒྱལ་སྲུང་བློན་ཆེན་ལན་པུའུ་ལོས་ཞེ་ཐི་ཡིས་དམག་ཆས་ཉོ་བསྡུའི་འཆར་གཞི་དལ་བ་དང་ཝུའུ་ཁི་ལན་དུ་དམག་དོན་སྒྲིག་ཆས་སྐྱེལ་འདྲེན་བྱེད་པ་སོགས་གནད་དོན་དབང་གིས་སྐྱོན་བརྗོད་ཆེན་པོ་ཐེབས་ནས། ཚེས་བཅུ་དྲུག་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།