ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་ཨུ་རུ་སིའི་དམག་དཔུང་གིས་ཉེ་སྔོན་ཝུའུ་ཁི་ལན་གྱི་ཏིས་ཉི་པའོ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་འཇབ་རྒོལ་བྱས་པ་ཁས་ལེན་མ་བྱས།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཆམ་ཕབ་གཏོང་ཡུལ་ནི་ཝུའུ་ཁི་ལན་གྱི་དམག་དོན་དམིགས་འབེན་ཡིན་པས། ཝུའུ་ཁི་ལན་གྱི་སྡོད་དམངས་ཐོག་ཁང་ལ་འཇབ་རྒོལ་བྱེད་མི་སྲིད་ཟེར། ཁོས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་མི་མང་བོས་བསྟན་དོན། ཏིས་ཉི་པའོ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ལ་རྡིབས་སྐྱོན་བྱུང་བ་ནི་ཝུའུ་ཁི་ལན་མཁའ་སྲུང་འཕུར་མདས་ཨུ་རུ་སིའི་འཕུར་མདའ་བཀག་འགོག་བྱས་པ་ལས་བཟོས་པ་ཡིན་པར་བཤད་བཞིན་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་ཨ་ལེ་སི་ཐའོ་ཝེ་ཆི་ཡིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་བརྙན་རིས་ལེ་ཚན་ཞིག་གི་ནང་བསྟན་དོན། ཨུ་རུ་སིའི་དམག་ཕྱོགས་ཀྱིས་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་ཝུའུ་ཁི་ལན་གྱི་མཁའ་སྲུང་མ་ལག་གིས་སར་འཕངས་རྗེས། ཏིས་ཉི་པའོ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་ཏུ་ལྷུང་ནས་འགས་གཏོར་བྱུང་བ་རེད་ཟེར།
ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་དེའི་རྗེས་སུ་ཨ་ལེ་སི་ཐའོ་ཝེ་ཆི་ཡི་བཤད་ཚུལ་དེ་ཁས་ལེན་མ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།