ཨེ་མེ་ནི་ཡཱའི་དྲག་ཆས་དམག་དཔུང་གི་དམག་སྒར་ཞིག་ཏུ་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་སྟེ། དམག་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།
ཨེ་མེ་ནི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། དམག་སྒར་དེ་ཀི་ཅཱ་ཨར་ཁུའུ་ནེ་ཁི་མངའ་སྡེའི་ཨ་ཀྲ་ཐི་སྡེ་བའི་ཉེ་འདབས་སུ་ཡོད་པ་དང་། དམག་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་ལས་གཞན། དམག་མི་གསུམ་ལ་རྨས་སྐྱོན་ཕོག་པ་ཚབས་ཆེན་རེད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། མིག་སྔར་མེ་བསད་པ་དང་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་བརྒྱ་ཡས་མས་ཡོད་པའི་ཐོག་ཁང་ཞིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།
ཨེ་མེ་ནི་ཡཱའི་རྒྱལ་སྲུང་པུའུ་ཡིས་མྱུར་མོར་དོན་རྐྱེན་དེར་རྟོག་ཞིབ་བྱེད་རྒྱུའི་ཚུལ་བསྟན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།