ཀྲུང་གོའི་ལུགས་རྙིང་གི་ཆུ་མོ་ཡོས་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་བརྙན་རིས་ཞུ་ཚིག་ཕུལ་ཏེ། འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བར་ཆེས་ལེགས་པའི་སྨོན་འདུན་བཟང་བོ་ཞུས།
ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་ཐོག་མར་རྒྱ་སྐད་ཀྱིས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་པའི་སྨོན་འདུན་ཞུས། ཁོས་བཤད་རྒྱུར། ཡོས་བུ་ཡིས་གསོན་ཤུགས་དང་བློ་གྲོས་མཚོན་ཡོད་ལ། དེ་ནི་མིའི་རིགས་དཀའ་ཁག་དང་ཉམས་སད་ལ་འཕྲད་པའི་སྐབས་སུ་མཁོ་བའི་གཤིས་སྤྱོད་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བར་སྟོབས་དང་ལྡན་པའི་གྲོགས་པོའི་འབྲེལ་བ་སྲུང་འཛིན་བྱས་པ་དང་། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད་དེ། ང་ཚོས་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ན། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་གསར་བསྐྲུན་བྱེད་ཐུབ་ཟེར།
ཀུའུ་ཐི་ལོས་སི་ཡིས་མཇུག་མཐར་བཤད་རྒྱུར། ཚང་མར་ལོ་གསར་བའི་ནང་ལུས་ཕུང་བདེ་ཐང་དང་བྱ་བ་ལམ་འགྲོ། འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།