འདི་ནི་ཨ་ཀིན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་རྒྱ་སེའི་ཕོ་བྲང་དུ་ཡོད་པའི་རྣམ་པ་རེད།
ཟླ་དང་པོའི་ཚེས་གཅིག་ཉིན། པཱ་ཞིའི་རྒྱལ་ས་པཱ་ཞི་ལེ་ཡཱ་ནས། པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཙུང་ཐུང་བཞུགས་ཤག་མཐོ་སྒང་ཕོ་བྲང་དུ་ལས་འགན་ཁུར་བའི་མཛད་སྒོར་ཞུགས་བཞིན་པ།
ཨ་ཀིན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་དང་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས་ཉེར་གཉིས་ཉིན་བདེན་དཔང་བྱས་དོན། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་དངུལ་ལོར་འདོན་པར་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།
ཨ་ཀིན་ཐིན་གྱི་ཚགས་པར་སྟེང་ཙུང་ཐུང་གཉིས་ཀྱི་ཨ་ཀིན་ཐིན་དང་པཱ་ཞིའི་འཐབ་ཇུས་མནའ་མཐུན་སླར་གསོ་བྱེད་པ་ཞེས་པའི་མཉམ་དུ་མིང་བཀོད་པའི་རྩོམ་ཡིག་ཅིག་སྤེལ་བ་ལས། པཱ་ཞི་དང་ཨ་ཀིན་ཐིན་ཕྱོགས་གཉིས་ཀྱིས་མེ་གླིང་ལྷོ་མའི་ཐུན་མོང་དངུལ་ལོར་གྱི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། དངུལ་ལོར་དང་ཚོང་ལས་སོགས་ཁྱབ་ཁོངས་ཀྱི་འགྲོ་འོངས་ལ་ཡར་སྐུལ་དང་ཚོང་གཉེར་མ་རྩ་ཇེ་དམའ་རུ་བཏང་ནས། ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ་ཐག་བཅད་ཡོད་ཟེར།
ཉིན་དེའི་སྔ་དྲོར་དབྱིན་ཇིའི་དངུལ་ལོར་དུས་སྐབས་ཚགས་པར་གྱིས་ཨ་ཀིན་ཐིན་གྱི་དཔལ་འབྱོར་པུའུ་ཀྲང་མཱ་སི་ཡིས་སྐད་ཆ་དྲངས་ནས་བཤད་རྒྱུར། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་སྐབས་བདུན་པའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་ནས་ཐུན་མོང་དངུལ་ལོར་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ལུའུ་ལཱ་ཚེས་ཉེར་གཉིས་ཉིན་ཨ་ཀིན་ཐིན་དུ་འབྱོར་བ་དང་། ཚེས་ཉེར་བཞི་ཉིན་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་སྐབས་བདུན་པའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།